ཚའེ་ཆི་ཡིས་ཧོ་པེ་ཐང་ཧྲན་གྲོང་ཁྱེར་དུ་རྟོག་ཞིབ་གནང་།

2025-05-19
475

ཟླ5པའི་ཚེས16ཉིན་ནས་ཚེས17ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཧོ་པེ་ཐང་ཧྲན་གྲོང་ཁྱེར་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱ་བར་ཞིབ་བཤེར་མཛུབ་སྟོན་གནང་། འདི་ནི་ཟླ5པའི་ཚེས16ཉིན་ཚའེ་ཆི་ཡིས་ཡུས་ཐེན་རྫོང་ཁྲེན་ཅ་ཕུའུ་གྲོང་རྡལ་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་སྟེ་དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས16ཉིན་ནས་ཚེས17ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཧོ་པེ་ཐང་ཧྲན་གྲོང་ཁྱེར་དུ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱ་བར་ཞིབ་བཤེར་མཛུབ་སྟོན་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ནས། གནད་དོན་གྱི་ཁྲིད་སྟོན་དང་བྱེད་ཕྱོགས་ནན་མོའི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་དང་ཞིབ་བཤེར། བཅོས་སྒྱུར་བཅས་ཀྱི་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་། རིམ་པ་མི་འདྲ་བ་དང་ས་ཁོངས་མི་འདྲ་བ། ཁྱབ་ཁོངས་མི་འདྲ་བ། ལས་རིགས་མི་འདྲ་བ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། རིགས་དབྱེ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། སློབ་སྦྱོང་སློབ་གསོ་ཟབ་སྤེལ་ཡོང་བར་སྐུལ་འདེད་གཏོང་དགོས།

ཟླ5པའི་ཚེས16ཉིན་ནས་ཚེས17ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཧོ་པེ་ཐང་ཧྲན་གྲོང་ཁྱེར་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱ་བར་ཞིབ་བཤེར་མཛུབ་སྟོན་གནང་། འདི་ནི་ཟླ5པའི་ཚེས17ཉིན་ཚའེ་ཆི་ཡིས་ཐང་ཧྲན་དུ་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་བཞིན་པའི་ཚུལ་རེད།  

ཚའེ་ཆི་ཡིས་བཞུགས་མོལ་བརྗེ་རེས་བྱེད་སྐབས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་འཛུགས་ལས་དོན་གྱི་གཙོ་གནད་ལས་འགན་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་ལེན་རྒྱུ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ། སྡེ་བ་བཅས་གཅིག་ཀྱང་མི་བསྐྱུར་བའི་སྒོ་ནས་སློབ་སྦྱོང་སློབ་གསོ་སྤེལ་ནས།“སྤྱོད་ངན་བཞི”ཡོ་བསྲང་དང་སྤྱོད་ལམ་གསར་པ་འཛུགས་རྒྱུ་གཞི་རིམ་དུ་ཁྱབ་སྤེལ་གཏོང་དགོས། གནད་དོན་ལ་ཞིབ་བཤེར་བྱས་ནས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པར་མཐོང་ཆེན་བྱེད་དགོས་པ་དང་། གོང་རིམ་ཏང་རྩ་འཛུགས་དང་ལས་དོན་ཆེད་ལས་འཛིན་གྲྭས་ཞིབ་བཤེར་དང་འགག་སྒོ་དམ་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་རང་འགུལ་ངང་གནད་དོན་ངོས་ལེན་བྱས་ཏེ། ལེགས་སྒྲིག་བྱེད་ཐབས་གནད་ལ་འཁེལ་བའི་སྒོ་ནས་བཟོ་དགོས། གཅིག་བསྡུས་བཅོས་སྐྱོང་བྱེད་པར་དཀའ་ངལ་ངོ་མ་གདོང་གིས་བསུ་ཕོད་པར་བྱས་ཏེ། གནད་དོན་གང་ཞིག་ཡོད་ན་གནད་དོན་དེ་ཐག་གཅོད་བྱེད་རྒྱུ་དང་། གནད་དོན་གང་ཞིག་མངོན་གསལ་ཅན་ཡིན་ན་གནད་དོན་དེ་གཙོ་གནད་དུ་བཟུང་ནས་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནད་དོན་གཅིག་ཀྱང་མི་བསྐྱུར་བའི་སྒོ་ནས་རེ་རེ་བཞིན་དམ་འཛིན་བྱེད་དགོས།“བཟའ་འཐུང་གི་སྤྱོད་ལམ”དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ། འགན་མི་འཁུར་བ་སོགས་ཀྱི་གནད་དོན་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། སྒྲིག་ཁྲིམས་དང་འགལ་བར་ཐག་གཅོད་ནན་མོ་དང་འགན་འཁྲི་རྩད་གཅོད་བྱེད་དགོས། དཔེ་མཚོན་བརྡ་ཁྱབ་གཏོང་བར་དམ་འཛིན་བྱས་ནས་ཉེན་བརྡའི་སློབ་གསོར་ཤུགས་སྣོན་རྒྱག་དགོས། མཛུབ་སྟོན་ཚན་ཆུང་གིས་ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱས་ཏེ། ས་གནས་དང་ལས་ཁུངས་ཀྱི་ཏང་ཨུ(ཏང་ཙུའུ)ལ་བརྟེན་ནས་ལས་དོན་སྤེལ་ཏེ། གནད་དོན་གཅིག་མཐུན་ལ་མཉམ་དུ་ལན་འདེབས་རྒྱུ་དང་ཤུགས་ཕྱོགས་གཅིག་ལ་བཏོན་ཏེ། ཡོ་བསྲང་བཅོས་སྐྱོང་ལ་དམ་འཛིན་ནན་མོ་བྱེད་དགོས།  རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་མགོ་ཁྲིད་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་ནས། མགོ་ཁྲིད་ལས་བྱེད་པ་དང་གསར་དུ་གོ་གནས་འཕར་བའི་ལས་བྱེད་པ། ན་གཞོན་ལས་བྱེད་པ། ལས་གནས་གལ་ཆེན་སྟེང་གི་ལས་བྱེད་པ་སོགས་ཀྱི་སློབ་སྦྱོང་སློབ་གསོ་འབུར་ཐོན་ཡོང་བར་དམ་འཛིན་ཡག་པོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་སྔོན་འགོག་གང་ལེགས་བྱེད་དགོས། རིམ་པ་སོ་སོའི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་གཉེར་འཛིན་གྲྭས་མཐུན་སྦྱོར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། སྤྱོད་ལམ་འཛུགས་སྐྲུན་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། སྤྱོད་ལམ་བཟང་པོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས། །


  • 顶