ཚའེ་ཆི་ཡིས་མོང་གོལ་མི་དམངས་ཏང་གི་འཐུས་མི་ཚོགས་པར་ཐུག་འཕྲད་གནང་བ།

2025-05-16
379

ཟླ5པའི་ཚེས14ཉིན། ཀྲུང་ཀྲུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིན་དུ་མོང་གོལ་མི་དམངས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སའོ་ཏི་པ་ཐེར་གྱིས་སྣེ་ཁྲིད་པའི་འཐུས་མི་ཚོགས་པར་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས14ཉིན། ཀྲུང་ཀྲུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིན་དུ་མོང་གོལ་མི་དམངས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སའོ་ཏི་པ་ཐེར་གྱིས་སྣེ་ཁྲིད་པའི་འཐུས་མི་ཚོགས་པར་ཐུག་འཕྲད་གནང་།

ཚའེ་ཆི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཧུའུ་སི་ལའེ་སུའུ་ཧིའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་མོང་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་རྒྱུན་འཁྱོངས་བྱས་ཏེ། ཞི་་བདེ་མཉམ་གནས་དང་སོ་སྲུང་རོགས་རེས། མཉམ་ལས་མཉམ་རྒྱལ་གྱི་ལས་དབང་གཅིག་མཐུན་ཚོགས་པའི་ཁ་ཕྱོགས་སུ་བརྟན་རླིང་ངང་བསྐྱོད་བཞིན་ཡོད། ཀྲུང་གོས་མོང་གོལ་དང་མཉམ་དུ་སྲིད་འཛིན་ཏང་བར་གྱི་བརྗེ་རེས་གླེང་མོལ་ལ་ཤུགས་བསྣན་ནས། འཐབ་ཇུས་ཡིད་རྟོན་གཏིང་ཟབ་དུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་དངོས་བརྩོན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་དང་ལྷག་པར་དུ་ན་གཞོན་བར་གྱི་མཛའ་མཐུན་འགྲོ་འོང་རྒྱ་བསྐྱེད་པ་དང་། ཏང་གི་འཛུགས་སྐྲུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་བསྣན་ནས་ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་བདེན་འདྲ་མཉམ་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

སའོ་ཏི་པ་ཐེར་གྱིས་བསྟན་དོན། མོང་གོལ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ནི་ཁྱིམ་མཚེས་རྒྱལ་ཁབ་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། མོང་གོལ་དང་ཀྲུང་གོའི་དུས་ཡུན་རིང་པོའི་ཁྱིམ་མཚེས་མཛའ་མཐུན་འཕེལ་རྒྱས་སུ་གཏོང་བ་ནི་མོང་གོལ་གྱི་ཕྱི་འབྲེལ་ཁ་ཕྱོགས་གལ་ཆེན་ཞིག་ཡིན། མོང་གོལ་ཕྱོགས་ཀྱིས་ཀྲུང་གོས་མཛའ་མཐུན་ལྷག་བསམ་དང་ཁོང་ཡངས་དཀྱེལ་ཆེའི་ཉེ་འཁོར་ཕྱི་འབྲེལ་འདུ་ཤེས་ལ་བསྟོད་བསྔགས་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། སྲིད་ཏང་གི་བྱེད་ནུས་འདོན་སྤེལ་བྱས་ཏེ། མུ་མཐུད་དུ་མོང་གོལ་དང་ཀྲུང་གོའི་ཆབ་སྲིད་འཐབ་ཇུས་ཡིད་རྟོན་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་དུ་གཏོང་འདོད་ཡོད། །


  • 顶