གཏམ་རྒྱུད་བཤད་པ་ལ་དོན་བདེན་པ་དང་གཟུགས་བརྙན།བརྩེ་དུང་།གནས་ལུགས་བཅས་གསལ་པོར་བརྗོད་དགོས།

2025-05-15
393

  གཏམ་རྒྱུད་བཤད་པ་ལ་དོན་བདེན་པ་དང་གཟུགས་བརྙན།བརྩེ་དུང་།གནས་ལུགས་བཅས་གསལ་པོར་བརྗོད་དགོས་ཏེ།  དོན་བདེན་པ་བརྗོད་ན་མི་ཡིས་ཁེལ་ལེན་པ་དང་།མཚོན་བྱེད་གཟུགས་བརྙན་བརྗོད་ན་མི་ལ་སེམས་འགུལ་ཐེབས་ཐུབ་པ། བརྩེ་དུང་བརྗོད་ན་སེམས་འགུག་ཐུབ་པ།གནས་ལུགས་བརྗོད་ན་མི་ལ་བག་ཆགས་ཟབ་མོ་འཇོག་ཐུབ་པས།  ངོ་མཚར་ཆེ་ཞིང་དོན་གྱི་སྙིང་པོ་རྣམས་བརྗོད་བྱ་བྱས་ནས།ཀྲུང་གོའི་ལམ་བུ་དང་ཀྲུང་གོའི་རིགས་གཞུང་། ཀྲུང་གོའི་ལམ་ལུགས། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་སྟོབས་ཤུགས་བཅས་ལྷུག་པར་བརྗོད་ནས།མཉན་ན་ཉན་སྙིང་བྲོ་མོ། མཉན་ན་བསམ་གཞིགས་ཡོད་པ། མཉན་ན་གོ་རྒྱུ་ཡོད་པ་ཞིག་བྱ་ཐུབ་དགོས།

༢༠༡༦ལོའི་ཟླ་གཉིས་པའི་ཚེས་༡༩ཉིན་ཞི་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ལས།


  • 顶