ལི་ཞིས་ཁུ་པ་ཡི་ཕྱི་འབྲེལ་པུའུ་ཀྲང་ལུའོ་ཏི་ལི་ཀོ་སི་ལ་ཐུག་འཕྲད་གནང་།

2025-05-14
201

  ཟླ5པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཡིས་ཚེས12ཉིན་པེ་ཅིན་དུ་ཀྲུང་གོར་ཡོང་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུར་ཞུགས་པའི་ཁུ་པ་ཡི་ཕྱི་འབྲེལ་པུའུ་ཀྲང་ལུའོ་ཏི་ལི་ཀོ་སི་ལ་ཐུག་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཡིས་ཚེས12ཉིན་པེ་ཅིན་དུ་ཀྲུང་གོར་ཡོང་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུར་ཞུགས་པའི་ཁུ་པ་ཡི་ཕྱི་འབྲེལ་པུའུ་ཀྲང་ལུའོ་ཏི་ལི་ཀོ་སི་ལ་ཐུག་འཕྲད་གནང་།

  ལི་ཞིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཏི་ཡ་སི-ཁ་ནེའར་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁུ་པའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ད་ལོ་ནི་ཀྲུང་གོ་དང་ཁུ་པའི་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར65ལོན་པའི་ལོ་ཡིན་པས། ཀྲུང་གོའི་ཕྱོགས་གྱིས་ཁུ་པ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་སྔར་བཞིན་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། ཁུ་པའི་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་ཤུགས་སྣོན་པ། འཐབ་ཇུས་མཉམ་ལས་དམ་ཟབ་བཅས་བྱས་ཏེ། ཀྲུང་གོ་དང་ཁུ་པའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དམིགས་བསལ་ཀྱི་མཛའ་གྲོགས་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ལི་ཞིས་ད་དུང་ཀྲུང་གུང་ཀྲུང་དབྱང་གི་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས།

  ལུའོ་ཏི་ལི་ཀོ་སི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁུ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཁུ་པ་ཕྱོགས་ཀྱི་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་བཀའ་ལྟར་སྒྲུབ་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་འབྲེལ་བར་སྔར་ལས་གཏིང་ཟབ་དུ་གཏོང་བ་དང་། ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། །


  • 顶