སློབ་གསོ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་སྒོས་དགེ་རྒན་གྱི་སློབ་གསོ་ནུས་པ་མཐོར་འདེགས་བཟོ་སྐྲུན་ལག་བསྟར་བྱེད་མགོ་བརྩམས།

2025-05-13
393

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། སློབ་གསོ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས《དགེ་རྒན་གྱི་སློབ་གསོ་ནུས་པ་མཐོར་འདེགས་བཟོ་སྐྲུན་ལག་བསྟར་ལ་རྩ་འཛུགས་བྱེད་པའི་བརྡ་ཐོ》དཔར་འགྲེམ་བྱས་ཏེ། "ལོ་ལྔའི་འཆར་གཞི་བཅུ་བཞི་པ"ནས"ལོ་ལྔའི་འཆར་གཞི་བཅོ་ལྔ་པའི"བར་གྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགེ་རྒན་གྱི་སློབ་གསོ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དགེ་རྒན་གྱི་སློབ་གསོ་ནུས་པ་སྔར་ལས་ཇེ་ཆེར་གཏོང་བའི་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

བརྡ་ཐོའི་ཁྲོད་སློབ་གསོ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བླང་བྱ་གསར་བར་གཞིར་བཟུང་ནས། ཆུ་ཚད་མཐོ་བའི་དགེ་རྒན་གྱི་སློབ་གསོ་སློབ་གླིང་སྐོར་ཞིག་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་དམིགས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགེ་རྒན་གྱི་སློབ་གསོ་མ་ལག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་པའི་ལྟེ་བའི་སྒུལ་ཤུགས་དང་འཐབ་ཇུས་ཀྱི་གཙོ་རྟེན་དམིགས་འབེན་བསྐྲུན་ཏེ། གཙོ་གནད་འབུར་དུ་ཐོན་པ་དང་། བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱད་ཆོས་མངོན་གསལ་ལྡན་པ། དུས་གནད་ཚོད་འཛིན་ལེགས་པོ་བཅས་བྱས་ཏེ། འབྱུང་འགྱུར་དགེ་རྒན་གྱི་ཚན་རིག་ནུས་པ་དང་ལག་ལེན་ནུས་པ་གསོ་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། མ་རྩ་གཏོང་བ་དང་འཛུགས་སྐྲུན་བྱེད་པ་ཟུང་འབྲེལ་བྱས་ཏེ། དགེ་རྒན་གྱི་སློབ་གསོ་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་ཆུ་ཚད་རྩེ་གྲ་ཡིན་པའི་དགེ་རྒན་གྱི་སློབ་གསོ་སློབ་གླིང་དང་། རིག་ཚན་ཆེད་ལས་དང་སློབ་ཚན་བཅས་འཛུགས་སྐྲུན་བྱས་ཏེ། རང་བདག་གི་དགེ་རྒན་གྱི་ཆེད་ལས་རིག་ཚན་མ་ལག་འཛུགས་དགོས།

བརྡ་ཐོ་ལས་དགེ་རྒན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་བ་འཛུགས་པ་དང་། དགེ་རྒན་གྱི་སློབ་གསོ་ཞིབ་འཇུག་གི་སྟེགས་བུ་གསར་བ་འཛུགས་པ། དགེ་རྒན་གྱི་སློབ་གསོ་བཅོས་སྒྱུར་གྱི་འདེགས་སྐྱོར་གསར་བ་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་ལ་སྣེ་ཁྲིད་དང་ཞབས་འདེགས་ཞུ་བའི་མཐོ་ས་གསར་བ་འཛུགས་པ། སློབ་གསོའི་རྒྱལ་སྤྱིའི་སྤེལ་རེས་ཀྱི་རྣམ་པ་གསར་པ་བསྐྲུན་པ་སོགས་ཕྱོགས5ཡི་ཐད་ནས་འཛུགས་སྐྲུན་སྡེ་ཁག་ལ་བླང་བྱ་བཏོན་ཡོད། སློབ་གསོ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དགེ་རྒན་གསོ་སྐྱོང་གི་དགོས་མཁོར་དམིགས་ནས། དགེ་རྒན་སློབ་གླིང་གི་ཞིབ་ཕྲའི་ལག་བསྟར་ཇུས་གཞི་ལྟར། སྐོར་ཞིག་འཐུས་ཚང་དུ་གཏོང་བ་དང་སྐོར་ཞིག་སྐུལ་འདེད་གཏོང་བའི་བསམ་ཕྱོགས་གཞིར་བཟུང་ནས། སྐར་ཁག་བགོས་ནས་ཆུ་ཚད་མཐོ་བའི་དགེ་རྒན་གྱི་སློབ་གསོ་སློབ་གླེང་སྐོར་ཞིག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་རེད། །


  • 顶