རིགས་གཞུང་གིས་དྲག་ཆས་སྤྲས་ཐབས་མུ་མཐུད་དུ་གསར་གཏོད་བྱེད་དགོས།

2025-05-06
308

  རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་པ་དང་། རྒྱུན་ལྡན་གྱི་སློབ་གསོ་དང་གཅིག་བསྡུས་སློབ་གསོ་ཟུང་འབྲེལ་བྱེད་པ་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དང་ལག་ལེན་བཀོལ་སྤྱོད་ཟུང་འབྲེལ་བྱེད་པ། ཏང་གཤིས་བཟང་པོ་དང་འཇོན་ཐང་ཆེར་གཏོང་ཟུང་འབྲེལ་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྱོང་བ་དང་།སློབ་སྦྱོང་ལས་བློ་རིག་སྐྱེད་པ། སློབ་སྦྱོང་བྱེད་ཞོར་གཞུང་དྲང་འགྱུར་བ།སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་གཏོང་ཞིང་དོན་འཁྱོལ་བྱེད་དགོས།

༢༠༢༤ལོའི་ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་ཞི་ཅིན་ཕིང་གིས ་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་ཉི་ཤུ་པའི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་ལྔ་པའི་ཐོག་གནང་བའི་གསུང་བཤད་ལས།


  • 顶