ང་ཚོས་གནད་དོན་འདུ་ཤེས་དང་དེང་རབས་འདུ་ཤེས། འཐབ་ཇུས་འདུ་ཤེས་ཇེ་དྲག་གཏོང་བ་དང་། ལོ་རྒྱུས་ཀྱི་མིག་རྒྱང་རིང་པོ་དང་རྒྱལ་སྤྱི་སྙོམས་གཟིགས་ཀྱི་མིག་རྒྱང་གིས་བྱ་དངོས་འཕེལ་རྒྱས་ཀྱི་ངོ་བོ་དང་ནང་གི་རྐྱེན་འབྲེལ་ཁོང་དུ་ཡག་པོ་ཆུད་པ། མི་འབོར་དུང་ཕྱུར་མང་པོའི་གསར་རྩོམ་རང་བཞིན་གྱི་ལག་བསྟར་རྗེས་སུ་སྙེག་པ། མིའི་རིགས་ཀྱི་ཕུལ་བྱུང་རིག་གནས་གྲུབ་འབྲས་ལ་དཔེ་ལྟ་བསྡུ་ལེན་བྱེད་པ། དུས་རབས་དང་ལག་ལེན་ཁྲོད་གསར་དུ་བྱུང་བའི་གནད་དོན་འགག་ཆེ་ལ་རྒྱུན་ཆད་མེད་པར་དྲིས་ལན་བཏབ་ནས། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ལ་བདེན་དོན་གྱི་གཟི་འོད་རབ་ཏུ་འབར་འཇུག་དགོས།
ཞི་ཅིན་ཕིང་གིས་༢༠༡༨ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་འཁོར་བའི་ཚོགས་ཆེན་ཐོག་གི་གསུང་བཤད།
འཕྲིན་སྟེགས། weikangba