ཟླ་5ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་9པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དུས་རབས་གསར་པའི་གཞོན་ནུ་ཚོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་འགན་འཁྲི་འཁུར་རྒྱུར་སྐུལ་མ་གཏོང་དགོས》ཞེས་པ་སྤེལ་ཡོད།
རྩོམ་ཡིག་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཏང་གི་གཞོན་ནུའི་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་འཕོ་འགྱུར་གཏིང་ཟབ་བྱུང་ཞིང་། ཏང་གིས་གུང་གཞོན་སྡེ་ཚོགས་དང་གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་ཐེབས་པ་དང་། སྡེ་ཚོགས་འཛུགས་པའི་གཞི་མ་དང་ཆབ་སྲིད་བླ་སྲོག་སྔར་བས་སྲ་བརྟན་དུ་ཕྱིན་པ། གུང་གཞོན་སྡེ་ཚོགས་ཀྱི་ལས་ཀའི་ཁ་ཕྱོགས་དང་ལས་འགན་སྔར་བས་ཁ་གསལ་དུ་ཕྱིན་པ། སྡེ་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་སྔར་བས་མངོན་གསལ་དོད་དུ་ཕྱིན་པ། སྡེ་ཚོགས་ཀྱི་ལས་བྱེད་པའི་བསམ་བློའི་འཁྱེར་སོ་དང་ལས་ཀའི་སྤྱོད་ཚུལ། འཚོ་བའི་སྤྱོད་ཚུལ་བཅས་སྔར་བས་ལེགས་པ་དང་སྐྱོན་བྲལ་ཡར་ཐོན་དུ་གྱུར་བ་བཅས་ཀྱིས་རྒྱ་ཆེའི་གཞོན་ནུའི་མི་ཚོགས་ཁྲོད་ཀྱི་གཟུགས་བརྙན་གསར་རྐྱང་དུ་གྱུར་ཡོད། གུང་གཞོན་སྡེ་ཚོགས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ནས། རྒྱ་ཆེའི་སྡེ་ཚོགས་ཀྱི་ཁོངས་མི་དང་གཞོན་ནུ་སྒྲིག་འཛུགས་བྱས་ནས་ཐེ་ཞུགས་ཧུར་ཐག་བྱེད་པ་དང་དཔའ་ངར་ཆེན་པོས་འགན་འཁྲི་འཁུར་བ། གཞན་གྱི་མདུན་ལ་གདོང་མཆོང་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་བློ་སྟོབས་དང་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད། ཏང་ཀྲུང་དབྱང་གིས་གུང་གཞོན་སྡེ་ཚོགས་དང་རྒྱ་ཆེའི་གཞོན་ནུ་ཚོར་ཡིད་ཆེས་ཀྱིས་ཁེངས་ཤིང་རེ་བ་ཆེན་པོ་བཅངས་ཡོད་ཅེས་ནན་སྟོན་བྱས་ཡོད།
རྩོམ་ཡིག་ནང་། སྡེ་ཚོགས་ཀྲུང་དབྱང་དང་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་དུས་རབས་གསར་པའི་རྒྱང་ལམ་གསར་པར་ཏང་གིས་སྤྲད་པའི་འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་དགོས། དེའང་གཅིག་ནས། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་བརྗོད་དོན་གཙོ་བོ་དམ་འཛིན་བརྟན་པོ་བྱ་དགོས། གཉིས་ནས། རྒྱ་ཆེའི་གཞོན་ནུ་ཚོར་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས། དུས་རབས་གསར་པའི་གཞོན་ནུ་ཚོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་འགན་འཁྲི་འཁུར་རྒྱུར་སྐུལ་མ་གང་ལེགས་གཏོང་དགོས། བཞི་ནས། གུང་གཞོན་སྡེ་ཚོགས་དང་སྡེ་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གིས་གཞོན་ནུའི་ལས་དོན་ལ་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་འོག་ཚན་པ་ཁག་གིས་གཞོན་ནུ་འཕེལ་རྒྱས་བྱ་གཞག་ལ་མཉམ་དུ་དམ་འཛིན་དང་ཐུན་མོང་ཐོག་དོ་དམ་བྱེད་པའི་ལས་ཀའི་རྣམ་པ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སེམས་རྩ་འཁོལ་པོས་གཞོན་ནུ་གྲོགས་པོའི་ཚོའི་གྲོགས་པོ་བློས་ཐུབ་དང་གཞོན་ནུ་མང་ཚོགས་ཀྱི་སྣེ་ཁྲིད་པ་བྱེད་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། ཏང་དང་རྒྱལ་ཁབ་བྱ་གཞག་གི་རེ་བ་གཞོན་ནུ་ཚོར་བཅོལ་ཡོད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བསྒྱུར་བཅོས་གསར་གཏོད་རྒྱུན་འཁྱོངས་བྱས་ཐོག དེ་བས་ལེགས་པའི་སྒོ་ནས་གཞོན་ནུའི་མི་རབས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་འཐབ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་བྱས་ཡོད།
འཕྲིན་སྟེགས། weikangba