ཀུན་སྤྱོད་སློབ་གསོའི་ལས་ཀ་སྔར་ལས་གནད་ལ་འཁེལ་ཞིང་ཕན་ནུས་ལྡན་པར་བྱ་དགོས།

2025-05-01
258

  བསམ་བློའི་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་དང་ཏང་གི་གསར་གཏོད་རིགས་གཞུང་གིས་དྲག་ཆས་སྤྲས་པ་མཉམ་དུ་སྤེལ་དང་།བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དང་སློབ་ཚན་བསམ་བློ་ཆབ་སྲིད་གཉིས་འདྲེས་སྤེལ་བྱེད་པ་རྒྱུན་འཁྱོངས་པ། བསམ་བློ་ཆབ་སྲིད་སློབ་ཚན་ཆུང་ཆུང་དང་སྤྱི་ཚོགས་ཀྱི་སློབ་ཚན་ཆེན་པོ་གཉིས་མཐུན་སྦྱོར་ཡག་མོ་བྱས་ནས།ཀུན་སྤྱོད་སློབ་གསོའི་ལས་ཀ་སྔར་ལས་གནད་ལ་འཁེལ་ཞིང་ཕན་ནུས་ཆེན་པོ་ཐོབ་ཐུབ་པར་བྱེད་དགོས།

  ༢༠༢༥ལོའི་ཟླ་གསུམ་པའི་ཚེས་དྲུག་ཉིན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་དམངས་གཙོ་མནའ་འབྲེལ་དང་།དམངས་གཙོ་སྐུལ་འདོན།སློབ་གསོ་ལས་རིགས་བཅས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་བ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་ཚོགས་འདུར་ཞུགས་སྐབས་གནང་བའི་གསུང་བཤད་ལས།


  • 顶