བཅོས་བསྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་བརྒྱུད་རིམ་དང་གཟི་བརྗིད་ལྡན་པའི་གྲུབ་འབྲས་དྲིལ་བསྒྲགས་ཇེ་དྲག་གཏོང་ཞིང་། རང་རེའི་ཏང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་དགོངས་པ་དྲིལ་བསྒྲགས་ཇེ་ཟབ་བཏང་སྟེ། རྒྱ་ཆེ་བའི་ན་གཞོན་གྱིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཆབ་སྲིད་གཏན་ཚིགས་དང་རིགས་གཞུང་གཏན་ཚིགས་ཅི་ཡིན་པ་ཤེས་འཇུག་པ་དང་། ལོ་རྒྱུས་ཅི་འདྲ་ཡོང་བ་ཡིན་པ་དང་རྗེས་ནས་འཕེལ་རྒྱས་ཅི་འདྲ་འགྲོ་བཞིན་ཡོད་པར་གསལ་པོ་ཤེས་ཤིང་། ཕུགས་འདུན་དད་པ་སེམས་སུ་བརྟན་པོས་བཅངས། བློ་སེམས་གཅིག་སྒྲིམ། རིག་ལམ་དྭངས་མོ། སེམས་ཤུགས་མངོན་པར་བསྐྱེད་དེ་ནམ་ཡང་ཕུགས་འདུན་དམིགས་འབེན་འགྲུབ་པར་འབད་བརྩོན་བྱ་དགོས།
ཞི་ཅིན་ཕིང་གིས་༢༠༡༨ལོའི་ཟླ་བ་བདུན་པའི་ཚེས་གཉིས་ཉིན་ལ་གུང་གཞོན་ཚོགས་པའི་ཀྲུང་དབྱང་གི་འགོ་ཁྲིད་ཚན་པ་སྐབས་གསར་པ་དང་ཁ་བརྡ་གནང་དུས་གནང་བའི་གསུང་བཤད།
འཕྲིན་སྟེགས། weikangba