དགོངས་པ་གསར་པས་རྒྱང་སྐྱོད་གསར་པ་ལ་སྣེ་ཁྲིད་བྱེད།

2025-04-28
370

  ཐོནལས་བཟོ་པོ་ནི་བཟོ་པའི་གྲལ་རིམ་གྱི་སྟོབས་ཤུགས་གཙོ་བོ་ཡིན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྱོང་དང་བཅོས་སྒྱུར་སྐུལ་སྤེལ་གཏོང་བ་དང་། ཐོན་ལས་བཟོ་པའི་བསམ་བློ་སྣེ་ཁྲིད།བྱས་འཇོག་ལས་འཛུགས། བྱང་ཚད་མཐོར་འདེགས། གོ་གནས་མཐོར་སྤར། དཔུང་སྡེ་རྒྱ་སྐྱེད་སོགས་ཀྱི་བཅོས་བསྒྱུར་བྱེད་ཐབས་ལག་ལེན་བསྟར་ནས།ཕུགས་བསམ་དང་དད་འདུན་ཡོད་པ།ལག་རྩལ་གསར་གཏོད་ཤེས་མཁན།འགན་ འཁུར་ཐུབ་ཅིང་བྱས་རྗེས་འཇོག་ཕོད་པའི་ཐོན་ལས་བཟོ་པའི་དཔུང་སྡེ་སྟོབས་པོ་ཆེ་ཞིག་འཛུགས་དགོས་ཞེས་གསུངས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་བརྟན་པོའི་འོག རང་རྒྱལ་གྱི་རྒྱ་ཆེ་བའི་ཐོན་ལས་བཟོ་པའི་ཕུགས་བསམ་འདུ་ཤེས་དེ་བས་བརྟན་པོ་དང་། ལག་རྩལ་ནུས་རྩལ་བྱང་ཚད་སྤྱི་པའི་ཆ་ནས་མཐོར་ཕྱིན་ཞིང་། འཚར་ལོངས་དང་འཇོན་འགྱུར་གོ་སྐབས་དེ་བས་རྒྱ་ཆེར་འགྲོ་བཞིན་ཡོད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་གཙོ་ཤུགས་དཔུང་སྡེར་གྱུར་ཡོད།

  ཀོང་ཞིར་ཚེས་ཉེར་བདུན་ཉིན་ཕིང་ལུའུ་མིས་བཟོས་གཙང་པོའི་ཁེ་ལས་དང་རྡོ་ལྟེ་གནས་ཀྱི་ཆུ་འདྲེན་བར་ཁྱམས་ཚང་མ་བཀག་ནས་འཛམ་གླིང་རིམ་པའི་མིས་བཟོས་གཙང་པོའི་གཟུགས་སྟོབས་རིམ་བཞིན་མངོན་པ་དང་། ཀྲེ་ཅང་དུ་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་༢༤འཛུགས་སྐྲུན་བྱེད་འགོ་བཙུགས་ནས་ཐོན་ལས་མགྱོགས་མྱུར་དུ་གསར་པར་འགྱུར་བར་སྐུལ་འདེད་གཏོང་བཞིན་ཡོད། ཀུའེ་ཀྲོའུ་རུ་ཧྭ་ཅང་གྲོག་རོང་ཟམ་ཆེན་དེ་ལས་མཇུག་འགྲུབ་རན་བཞིན་ཡོད་ལ་སྔོན་དཔག་བྱས་ན་ལོ་སྨད་དུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།  དཔྱིད་ཀ་འདིར། ཨར་ལས་ཆེན་པོ་རེ་རེ།ལས་གཞི་གལ་ཆེ་རེ་རེ་ལས་བཞིན་པའི་ཡུལ་དངོས་སུ། ཐོན་ལས་བཟོ་པ་རྣམས་ཀྱིས་འབད་པ་ཆེན་པོ་བགྱིས་ནས་ལག་རྩལ་འགག་སྒྲོག་གསར་གཏོད་བྱས་ནས་ ཧེ་བག་སྤུ་ཙམ་མེད་པས་རྒྱལ་ཁབ་ཀྱི་སྒྲིག་ཆས་ཆེན་པོ་ལས་བཞིན་ཡོད་པས། སྤུས་མཐོའི་འཕེལ་རྒྱལ་མདུན་དུ་སྤེལ་བའི་འགུལ་ཤུགས་ཆེན་པོ་འདོན་བཞིན་ཡོད།

  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་ལས་བཟོ་པའི་དཔུང་་སྡེ་འཛུགས་སྐྱོང་དང་བཅོས་བསྒྱུར་བྱེད་པར་སྐུ་དངོས་སུ་འཆར་འགོད་དང་སྐུ་དངོས་སུ་བཀོད་སྒྲིག་དང་། སྐུ་དངོས་སུ་ཁྲིད་སྟོན་གནང་ཡོད་དེ། ཁོང་གིས་མིག་སྔའི་འཛམ་གླིང་དུ། ཕྱོགས་བསྡུས་རྒྱལ་ཤུགས་འགྲན་རྩོད་བྱེད་པའི་རྩ་བ་ནི་འཇོན་མིའི་འགྲན་རྩོད་དང་ངལ་རྩོལ་པའི་སྤུས་ཚད་འགྲན་རྩོད་ལ་རག་ལས་ཡོད། ཚན་རྩལ་སློབ་གསོས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་འཇོན་མིས་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་འཐབ་ཇུས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་མཐུན་རྐྱེན་ལ་སྐྲུན་པའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པར་དམིགས་ནས། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བཅོས་བསྒྱུར་ཟབ་སྤེལ་བཏང་ནས། ཤེས་ཡོན་ཅན་དང་རྩལ་ནུས་ཅན། གསར་གཏོད་ཅན་གྱི་ཐོན་ལས་བཟོ་པའི་དཔུང་ཁག་ཆེན་པོ་ཞིག་འཛུགས་སྐྱོང་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་ རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་དང་རྩལ་ནུས་མཐོན་པོའི་འཇོན་མི་དེ་བས་མང་པོ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་ཡོད།

  ཀྲུང་གོའི་ངལ་རྩོལ་འབྲེལ་བ་སློབ་གླིང་ཏང་ཨུའི་རྒྱུན་ཨུ། སློབ་གཙོ་གཞོན་པ་ལི་ཁོ་ཡིས། ང་ཚོའི་ཏང་གིས་བཟོ་པའི་འགོ་ཁྲིད་ནས་འོད་སྟོང་འབར་བའི་ལོ་ངོ་བརྒྱ་འཁོར་ནས་དུས་རབས་གསར་པའི་ནང་སླེབས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅིའི་དབུ་ཁྲིད་འོག ཀྲུང་གུང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསམ་འཆར་ཐེངས་གཉིས་གཏན་ལ་ཕབ་ནས། མཐོ་ཆེ་ས་ནས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བཅོས་བསྒྱུར་བྱེད་པའི་ལས་ཀར་སྐུལ་བར་བཀོད་སྒྲིག་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་ཐེངས་དང་པོར་རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་དང་རྩལ་ནུས་མཐོན་པོའི་འཇོན་མི་རྒྱལ་ཁབ་ཀྱི་འཐབ་ཇུས་འཇོན་མིའི་གྲས་སུ་བཞག་ཡོད་པ་དང། ཐོན་ལས་ལག་རྩལ་བཟོ་པའི་ཕུལ་དུ་བྱུང་བའི་སྐུ་ཚབ་འབོར་ཆེན་ཞིག་ལ་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་དང་བདུན་གཅིག་གཟེངས་རྟགས་སོགས་ཀྱི་མཚན་སྙན་ཐོབ་ཡོད་ལ།དེ་ནི་ཏང་དང་རྒྱལ་ཁབ་ཀྱི་མཐོང་ཆེན་བྱས་ཡོད་པས་ན། ངལ་རྩོལ་དཔེ་བཟང་དང་ངལ་རྩོལ་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་དར་སྤེལ་ནུས་ལྡན་བྱས་ཐུབ་ཡོད། ངལ་རྩོལ་ཐད་ཀྱི་སློབ་གསོ་དེ་དུས་རབས་གསར་པར་འཇོན་མི་གསོ་སྐྱོང་བྱེད་པའི་བླང་བྱ་གསར་པ་ལྟར། གཞོན་ནུ་སློབ་མ་དེ་བས་མང་པོར་རྩལ་ནུས་ལ་བརྟེན་ནས་འཇོན་མིར་འགྱུར་བ་དང་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་ལམ་བུའི་ཐོག་བསྐྱོད་ཐུབ་ཡོད་ལ། རྒྱ་ཆེའི་ལས་བཟོ་པས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་དད་སེམས་སྔར་བས་བརྟན་པོར་བཏང་ཡོད་ཅེས་བཤད་པ་རེད།

  ལག་ཤེས་ཀྱིས་ཕུགས་འདུན་འགྲུབ་ཅིང་། རྩལ་ནུས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ། མིག་སྔར། རང་རྒྱལ་གྱི་རྩལ་ནུས་ཐད་ཀྱི་འཇོན་མིའི་བསྡོམས་འབོར་མི་དུང་ཕྱུར་གཉིས་ལས་བརྒལ་ཡོད་པ་དང་། རྒྱལ་ཁབ་ཀྱིས་ནུས་ཤུགས་ཆེན་པོས་རྩལ་ནུས་ཀྲུང་གོའི་བྱ་སྤྱོད་དང་ཡུལ་དངོས་བཟོ་བཀོད་པའི་ཆེད་དོན་གསོ་སྐྱོང་འཆར་གཞི། གཞོན་ནུ་རྩལ་ནུས་འཇོན་མི་གསོ་སྦྱོང་གི་བྱ་སྤྱོད་ལག་བསྟར་བྱེད་དེ། སྲིད་ཇུས་ཉི་ཤུ་ལྷག་ཕན་ཚུན་འབྲེལ་མཐུད་བྱེད་པའི་རྩལ་ནུས་འཇོན་མི་འཕེལ་རྒྱས་སྐོར་གྱི་སྲིད་ཇུས་མ་ལག་ཆགས་ཡོད་ལ། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་དང་རྩལ་ནུས་མཐོན་པོའི་འཇོན་མི་དེ་བས་མང་པོ་གསོ་སྐྱོང་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་འཇོན་མིའི་དཔུང་ཁག་སྟོབས་ལྡན་གཏོང་བཞིན་ཡོད།དེང་རབས་ཐོན་ལས་མ་ལག་ནི་རྒྱལ་ཁབ་ཀྱི་དངོས་པོའི་ལག་རྩལ་གྱི་རྨང་གཞི་ཡིན་ལ། ཐོན་ལས་རིག་ནུས་ཅན་དང་འབག་མེད་ཅན། མཉམ་བསྲེས་ཅན་བཅས་ཀྱི་འཕེལ་རྒྱས་བཏང་ནས། དགོས་མཁོ་དང་ཕན་ཚུན་ཆ་མཐུན་པའི་བྱང་ཚད་མཐོ་བའི་ཐོན་ལས་བཟི་མིའི་དཔུང་ཁག་འཛུགས་བཞིན་ཡོད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བཟོ་རྩལ་སློབ་གླིང་བརྒྱ་ལྷག་གི་གཞི་གྲངས་ཅན་དུ་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས། ཧེ་ལུང་ཅང་ཞིང་ཆེན་གྱི་ཨང་ཀིའི་བཟོ་རྩལ་སློབ་གླིང་དུ་ཁེ་ལས་བརྒྱ་ལྷག་གི་ཐོན་ལས་བཟོ་མིས་བཟོ་ལས་འཕྲུལ་མི་དང་གཞི་གྲངས་ཚོད་འཛིན་ལས་སྣོན་སོགས་མདུན་གྲའི་ཁྱབ་ཁོངས་ཀྱི་ལག་རྩལ་མ་ལག་གསོ་སྐྱོང་ལ་དམིགས་ནས། གཞི་གྲངས་དཔལ་འབྱོར་གྱི་བགྲོད་ལམ་གསར་པར་སྐྱོད་གང་ཐུབ་བྱེད་ཅིང་། རྒྱལ་ཁབ་ཆེན་མོའི་བཟོ་རྩལ་འཇོན་མིའི་གསོ་སྤེལ་ལས་གཞི་ལག་བསྟར་བྱེད་པ་དང་། ཆིན་ཧྭ་སློབ་ཆེན་དུ་རྒྱལ་ཡོངས་ཀྱི་ཁག་དང་པོའི་ཡུལ་དངོས་ཀྱི་ཐོན་ལས་བཟོ་པའི་ཁྲོད་བདམས་པའི་གསོ་སྐྱོང་བྱ་ཡུལ་ལ་རྩེ་གྲའི་དགེ་རྒན་ཡོད་པར་མ་ཟད། རྒྱལ་ཁབ་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་ཡོན་ཧྲིས་ཁོ་ཚོ་དང་མཉམ་དུ་ལས་རིགས་ཁེ་ལས་ཀྱི་ལག་རྩལ་གནད་དོན་བསལ་བ་རེད།

  རྒྱལ་ཁབ་ཆེན་མོའི་བཟོ་པའི་གསོ་སྐྱོང་བྱ་ཡུལ་དང་ཧྥུའུ་ཅན་ཆོན་ཀྲུའུ་ཡི་སྔོན་ཐོན་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ཁང་གི་འཕྲུལ་མིའི་བཟོ་བཀོད་པ་ཚའེ་ཝེ་ཡིས། ང་ཡོད་སའི་སྐུལ་འོད་ཐཱན་ཕྱེ་ཁྱབ་ཁོངས་འདི་ནི་རིག་ཚན་མང་པོ་འདུས་པ་ཞིག་ཡིན་པས། ང་ནི་རང་འགུལ་ཅན་གྱི་ཚོད་འཛིན་ལས་མཁན་ཡིན་པས། དངོས་ཡོད་ཐོན་སྐྱེད་གོ་རིམ་ཁྲོད། ང་ཡང་རྒྱུ་ཆའི་གནད་དོན་རིགས་མང་པོར་འཕྲད་པས། ལག་རྩལ་འགའ་རེ་འདི་འདྲ་དཀའ་དོན་ཅི་རེད་བསམ་འདུག ཐེངས་འདིར་ཆིན་ཧྭ་སློབ་ཆེན་གྱིས་རྫས་འགྱུར་དང་རྒྱུ་ཆའི་ཐད་ཀྱི་ཆེད་མཁས་པ་མང་པོ་བཙལ་ནས་རྒྱབ་སྐྱོར་བྱས་པས། ཕན་ཆེན་པོ་ཐོགས་སོང་ཞེས་བཤད།

  ཐོན་ལས་བཟོ་པའི་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་ཁོར་ཡུག་རྒྱ་སྐྱེད་པ་ནི་ཐོན་ལས་བཟོ་པའི་རྩ་བའི་ཁེ་ཕན་དང་འབྲེལ་ཡོད། རིམ་པ་བརྒྱད་པའི་བཟོ་པ་གསར་པའི་ལས་རིགས་རྩལ་ནུས་སོགས་ལམ་ལུགས་ལག་བསྟར་བྱས་ནས་བཟུང་། ས་གནས་ཁག་གིས་བསྡོམས་པས་ཁྱད་རིམ་ལག་རྩལ་དགེ་རྒན་དང་། དབུ་བཞུགས་ལག་རྩལ་དགེ་རྒན་བཞི་སྟོང་ལྷག་གདན་པ་རེད། ཁེ་ལས་སྔར་ལས་མང་པོས་ཆེད་ལས་ལག་རྩལ། བདག་གཉེར་དོ་དམ། ཕྱོགས་ཡོངས་རྩལ་ནུས་ལས་གནས་ལག་བསྟར་ནང་རྐྱེན་བཙུགས་ནས། ཐོན་ལས་བཟོ་པ་དེ་འཕེལ་རྒྱས་འཐབ་ཇུས་དང་ཚན་རྩལ་འགག་སྒྲོལ་སོགས་ཁྱབ་ཁོངས་སུ་སྐྱོད་པར་སྐུལ་སློང་དང་། རྒྱ་ཆེ་བའི་ཐོན་ལས་བཟོ་པའི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་མངོན་པ་རེད།

  ཀྲུང་ནན་རིག་ནུས་ཁྲང་ཧྲ་ཁྲང་ཐའེ་འཕྲུལ་མི་སྤྱི་གཉེར་ཁང་གི་མཐོ་རིམ་སྒྲིག་ཆས་བྱ་གཞག་པུའུ་ཡི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་ཀུའོ་ཏུང་ཉིང་གིས། རིག་ནུས་སྒྲིག་ཆས་ཀྱིས་སྲོལ་རྒྱུན་སྒྲིག་ཆས་ཀྱི་ཚབ་བྱེད་པ་ནི་འཕེལ་ཕྱོགས་གཙོ་བོ་རེད། ང་ཚོ་ན་གཞོན་བཟོ་པས་འཕྲུལ་ཆས་དང་ཨང་རྟགས་ཤེས་དགོས་པར་མ་ཟད། ཁྱབ་ཁོངས་བརྒལ་བའི་མཐུན་སྦྱོར་ནུས་པ་ཡོད་དགོས་ལ།དེ་ལས་ཞིབ་འཇུག་དང་འགག་སྒྲོལ་ཕོད་དགོས། ན་གཞོན་བཟོ་བཀོད་པའི་རིན་ཐང་ནི་གསར་གཏོད་གསར་སྐྲུན་ནུས་པ་ལ་བརྟེན་ནས་ལག་རྩལ་ལ་གོ་བ་བཏོན་པ་དང་། ཀྲུང་གོའི་བཟོ་སྐྲུན་ལ་རྩིས་སྲོལ་ཁྱབ་ཁོངས་ནང་གསོན་ཤུགས་རྒྱས་བཅུག་པ་དེ་རེད།

  སྤྱི་ཚོགས་རིང་ལུགས་ནི་ལག་ལེན་ནས་བྱུང་བ་དང་། དུས་རབས་གསར་པ་ནི་འབད་འབུངས་ལས་བྱུང་བ་ཞིག་རེད། ཡར་རྒྱས་འགྲོ་བཞིན་པའི་ཀྲུང་གོའི་ས་གཞི་ཆེན་མོའི་ཐོག ཐོན་ལས་བཟོ་པས་རྒྱལ་ཁབ་ཆེན་མོའི་སྒྲིག་ཆས་བཟོ་སྐྲུན་དང་། བཟོ་པའི་སྙིང་སྟོབས་ལ་བརྟེན་ནས་ངལ་རྩོལ་པའི་གཟི་བརྗིད་ཀྱི་དུས་རབས་ཀྱི་དོན་སྙིང་མཚོན་པ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་སྤེལ་རིམ་ཁྲོད་སྟོབས་ཤུགས་སྔར་ལས་ཆེན་པོ་འདོན་བཞིན་ཡོད།


  • 顶