སྒོར་དུང་ཕྱུར་135གཤམ་དུ་སྤྲོད་རྒྱུ་རེད།

2025-04-25
662

 ནོར་སྲིད་པུས་ཟླ་4ཚེས་21ཉིན་བརྡ་ཐོ་བཏང་ནས། 2025ལོའི་ནུས་སྲི་སྙིགས་འཕྲིའི་ཁ་གསབ་མ་དངུལ་ཁག་དང་པོའི་སྔོན་རྩིས་སྒོར་དུང་ཕྱུར་135ལས་བརྒལ་ཡོད་པ་རེད། 

     ད་ཐེངས་གཤམ་སྤྲོད་ཀྱི་མ་དངུལ་ཞིབ་ཕྲ་ནི་2022ལོ་དང་དེ་སྔོན་ལོ་འཁོར་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་བེད་སྤྱོད་ཀྱི་ཁ་གསབ་མ་དངུལ་ཞིབ་རྩིས་བརྒྱབ་པ་དང་། 2022ལོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་གཏོང་རྒྱུའི་ཁ་གསབ་མ་དངུལ་སྔོན་གཏོང་། ལོ་འཁོར་གསུམ་པའི་འབར་རྫས་གློག་སྨན་རླངས་འཁོར་དཔེ་སྟོན་བཀོལ་སྤྱོད་ཀྱི་བྱ་དགའ་མ་དངུལ་སྔོན་གཏོང་། དེ་བཞིན་2025ལོའི་རྫོང་ཁོངས་གློག་གསོག་དང་གློག་བརྗེ་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་ཚོད་ལྟའི་བྱ་དགའི་མ་དངུལ་སྔོན་གཏོང་སོགས་ཀྱི་ཐད་སྤྱོད་རྒྱུ་ཡིན་པ་རེད།

    དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་29.1གཤམ་སྤྲོད་བྱས་ནས། 2025ལོའི་རྫོང་ཁོངས་གློག་གསོག་དང་གློག་བརྗེ་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་ཚོད་ལྟའི་བྱ་དགའི་མ་དངུལ་སྔོན་ལ་གཏོང་སྤྲོད་བྱ་རྒྱུར་སྤྱོད་རྒྱུ་ཡིན་པ་རེད། 2024ལོར་ནོར་སྲིད་པུའུ་སོགས་སྡེ་ཚན་གྱིས་རྫོང་ཁོངས་གློག་གསོག་དང་གློག་བརྗེ་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དང་། 2024ལོར་ཚོད་ལྟའི་རྫོང་67ལ་རྒྱབ་སྐྱོར་བྱས་པ་རེད།

    2024ལོའི་ལོ་མཇུག་བར་དུ། ཚོད་ལྟའི་རྫོང་དུ་ཁྱོན་སྟོང་ཝ་120ཡན་གྱི་གློག་གསོག་ཕུར་པ་2700ལྷག་ཙམ་བསྐྲུན་པ་དང་། རིམ་རྩིས་བརྒྱབ་ན་གློག་གསོག་ཏུའུ་ཁྲི་590ཙམ་ཟིན་པས། རྫོང་ཁོངས་དངུལ་འཇོག་ལ་སྐུལ་ཁྲིད་དང་། ནུས་རྒྱུ་གསར་པའི་རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད། ལག་རྩལ་གསར་པ་རིམ་འཇུག་བེད་སྤྱོད་མགྱོགས་སུ་གཏོང་བ་དགེ་མཚན་ལྡན་པའི་སྐུལ་འདེད་བཅས་ཀྱི་ནུས་པ་ཐོན་ཡོད། འདི་ལོ་སྡེ་ཁག་གསུམ་གྱིས་རྫོང་75ལ་ཚོད་ལྟ་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་པ་མ་ཟད། རྣམ་པ་གསར་གཏོད་བྱས་ཏེ་རྫོང་མང་པོ་ཞིག་གིས་མཉམ་འབྲེལ་ཐོག་རེ་བ་ཞུ་རྒྱུའི་སྐུལ་མ་གཏོང་བ་དང་། རླངས་འཁོར་དང་དྲ་རྒྱ་མཉམ་འགུལ་གྱི་ལག་རྩལ་གསར་པ་བེད་སྤྱོད་བྱ་རྒྱུར་སྐུལ་མ་གཏོང་བ། གྲོང་གསེབ་ཁུལ་གྱི་སྤྱི་པའི་གློག་གསོག་དང་གློག་བརྗེ་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་སྤེལ་བྱས་པ་རེད།

    གཞན་ཡང་། ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་23.4བཏང་སྟེ་འབར་རྫས་གློག་སྨན་རླངས་འཁོར་དཔེ་སྟོན་བཀོལ་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་ཡིན་པ་རེད། 2021ལོར་ནོར་སྲིད་པུའུ་སོགས་སྡེ་ཚན་གྱིས་སྔ་རྗེས་སུ་པེ་ཅིང་དང་ཐེ་ཅིང་ཧོ་པེ་དང་། ཧྲང་ཧའེ། ཀོང་ཏུང་། ཀྲེང་ཀྲོའུ། ཧོ་པེ་སོགས་གྲོང་ཁྱེར་ཁྱུ་ཚོགས་ལྔ་ལ་ཆོག་མཆན་སྤྲད་པ་དང་། དཔེ་སྟོན་བྱེད་ཡུན་ལོ་བཞི་ཡིན་པ་རེད། དཔེ་སྟོན་སྲིད་ཇུས་ཀྱི་སྐུལ་འདེད་འོག རང་རྒྱལ་གྱི་འབར་རྫས་གློག་སྨན་རླངས་འཁོར་ཁྱབ་གདལ་གཏོང་བའི་གོམ་སྟབས་མུ་མཐུད་མགྱོགས་སུ་ཕྱིན་ནས་རིམ་རྩིས་བརྒྱབ་ན་བྲིན་ཚོང་བྱས་གྲངས་ཁྲི་2.9ཟིན་ནས། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་། འགྲོ་སྐྱོད་འགྲུལ་སྐྱེལ། གྲོང་ཁྱེར་གྱི་ཟོག་འགྲུལ། ས་སྙིགས་སྐྱེལ་འགྲུལ། འདྲུད་འཐེན་མཐུད་འགྲུལ། གྲོང་ཁྱེར་དོ་དམ་གྱི་ཁོར་ཡུག རླངས་འཁོར་བོགས་མར་གཏོང་ལེན་དང་དྲ་ཐོག་ནས་ཁ་ཆད་བྱེད་པ་སོགས་ཁྱོན་ཡོངས་སུ་ཁྱབ་ཡོད་པ་རེད།


  • 顶