ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱས་ཏེ་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གསོ་སྐྱོང་དང་སྟོབས་པོ་ཆེར་བཏང་ནས་རྒྱལ་སྤྱིའི་འགྲན་རྩོད་ཀྱི་མཐོ་གྲས་སུ་བུད་ཐུབ་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་གཏོད་པ་དང་དུས་མཚུངས་སུ། གཞི་རྩའི་ཐོག་ནས་དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་ཡོང་འབབ་ཀྱི་བརྟེན་ས་ཡིན་པའི་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར་མགྱོགས་སྤེལ་བཏང་སྟེ།དེར་གསོན་ཤུགས་གསར་པ་རྒྱས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་རྙིང་བརྗེ་སྤོར་བརྟན་པོའི་ངང་མདུན་སྤེལ་བྱེད་དགོས།
༢༠༢༤ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ལས།
འཕྲིན་སྟེགས། weikangba