ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་སྔོན་དཔག་དམིགས་འབེན་གཞི་རྩའི་ཆ་ནས་གྲུབ་ཡོད།

2025-04-23
727

  ཚེས་ཉེར་གཉིས་ཉིན་ལ། གསར་འགོད་པས་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར་ལྟར་ན། མིག་སྔར་རང་རྒྱལ་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྒྱ་ཁྱོན་མུའུ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ལས་བརྒལ་ཡོད་པས། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པར་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་སྔོན་དཔག་དམིགས་འབེན་གཞི་རྩའི་ཆ་ནས་གྲུབ་ཡོད། མིག་སྔར་བར་དུ། རྒྱལ་ཡོངས་སུ་རི་ཆུ་ནགས་གསུམ་དང་ཞིང་མཚོ་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་སླར་གསོ་ལས་གཞི་ལག་བསྟར་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་སླར་གསོར་གྲུབ་འབྲས་བཟང་པོ་ཐོབ་ཡོད་ལ། སྲུང་སྐྱོང་སླར་གསོ་བྱེད་པའི་རྒྱ་ཁྱོན་མུའུ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ལས་བརྒལ་བས། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་སྔོན་དཔག་དམིགས་འབེན་གཞི་རྩའི་ཆ་ནས་གྲུབ་པ་རེད། དེ་མིན་རྒྱལ་ཡོངས་སུ་ད་དུང་ལོ་རྒྱུས་ཤུལ་བཞག་གཏེར་རིའི་སྐྱེ་ཁམས་སླར་གསོའི་དཔེ་སྟོན་ལས་གཞི་ཞེ་དགུ་དང་རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་གཞི་བརྒྱ་དང་གོ་ལྔ་ཡོད་པ་རེད།

  རང་བྱུང་ཐོན་ཁུངས་པུའུ་ཡིས། རི་ཆུ་ནགས་གསུམ་དང་ཞིང་མཚོ་མཚེའུ། རྩྭ་ཐང་དང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོའི་ལས་གཞི་ཡིས་རིགས་སོ་སོའི་རང་བྱུང་སྐྱེ་ཁམས་གཙོ་བོའི་སྤྱི་ཁོག་སྲུང་སྐྱོང་དང་མ་ལག་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་མངོན་འགྱུང་བྱུང་ཡོད་ལ། ༢༠༢༤ལོ་མཇུག་བར། ཀྲུང་དབྱང་ནོར་སྲིད་མ་དངུལ་བསྡོམས་པས་རི་ཆུ་ལས་གཞིར་སྒོར་དུང་ཕྱུར་ཆིག་སྟོང་བརྒྱ་མེད་བཅུ་མེད་དྲུག་དང་བྱེ་བ་ལྔ་བཏང་བ་རེད། འཆར་གཞི་ལྟར་ན་༢༠༣༥ལོར་རྒྱལ་ཡོངས་སྐྱེ་ཁམས་སྲུང་སྐྱོང་དམའ་ཐིག་རྒྱ་ཁྱོན་དེ་སྟོང་སྨི་གྲུ་བཞི་མ་ས་ཡ་གསུམ་འབུམ་གཅིག་ཁྲི་ལྔ་ཡན་ལ་རྒྱུན་འཁྱོངས་ཐུབ་པ་དང་།  སྐམ་ས་ཆེན་མོའི་རང་བྱུང་མཚོ་འགྲམ་ཉར་ཚད་བརྒྱ་ཆའི་སོ་ལྔ་ལས་མི་དམའ་བ། རང་བྱུང་སྲུང་སྐྱོང་སའི་སྐམ་སའི་རྒྱ་ཁྱོན་ཟིན་ཚད་དེ་སྐམ་ས་རྒྱལ་སའི་རྒྱ་ཁྱོན་གྱི་བསྡུར་ཚད་ཀྱི་བརྒྱ་ཆའི་བཅོ་བརྒྱད་ལས་མི་དམའ་བས། རྒྱལ་ཁབ་སྤྱི་གླིང་གི་མ་ལག་གཞི་རྩའི་ཆ་ནས་གྲུབ་ཅིང་། སྐྱེ་ཁམས་མ་ལག་གི་རྣམ་པ་སྔ་བཞིན་བརྟན་པོ་དང་སྐྱེ་ཁམས་མ་ལག་གཞི་རྩའི་ཆ་ནས་འཁོར་སྐྱོད་བཟང་པོ་བྱས་དང་བྱེད་བཞིན་ཡོད་ཅེས་བསྟན།


  • 顶