ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མུ་འབྲེལ་འཆད་ཀློག་ཅེས་པའི་ལེ་ཚན་བགྲོ་གླེང་ཚོགས་འདུ་པེ་ཅིན་དུ་འཚོགས།

2025-04-23
309

  ཚེས་ཉེར་གཉིས་ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་མཉམ་དུ་བཏོན་པའི། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མུ་འབྲེལ་འཆད་ཀློག་ཅེས་པའི་ལེ་ཚན་བགྲོ་གླེང་ཚོགས་འདུ་དེ་པེ་ཅིན་དུ་འཚོགས།

  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་དང་མཐུན་པས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཤིང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་དམ་འཛིན་ཐུབ་པ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཇི་ལྟར་འགྲུབ་པར་དམིགས་ནས། གསར་གཏོད་རང་བཞིན་ཐོག་ནས་འདུ་ཤེས་གསར་བ་དང་དགོངས་འཆར་གསར་བ། ཆོད་གཏམ་གསར་བ་བཅས་རབ་དང་རིམ་པ་བཏོན་ནས། ཕྱོགས་ཡོངས་ནས་དཔལ་འབྱོར་འཕེལ་རྒྱས་ཇི་ལྟར་གཏོང་བའི་སྐོར་གྱི་གནད་དོན་གལ་ཆེན་ལ་ལན་བསྐྱོན་ཞིང་། མ་ལག་གཟབ་ནན་དང་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་གྲུབ་ཡོད། ཚང་མས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མུ་འབྲེལ་འཆད་ཀློག་ཅེས་པ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་བརྙན་འཕྲིན་ཆེད་དོན་གློག་བརྙན་དང་པོ་ཡིན། ལེ་ཚན་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པ། སྤུས་མཐོའི་འཕེལ་རྒྱས་སྐུལ་སྤེལ་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་པ་འཕེལ་རྒྱས་གཏོང་བ་སོགས་བརྗོད་པ་གལ་ཆེན་གཞིར་བཟུང་ནས། དེའི་ནང་དུ་འདུས་པའི་ཕུགས་འདུན་དང་དད་སེམས་བརྟན་པོ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་གསལ་བོ། མིག་རྒྱང་རིང་བའི་འཐབ་ཇུས་བསམ་གཞིགས། ལོ་རྒྱུས་ཀྱི་འགན་འཁྲི་དྲག་པོ། མི་དམངས་ལ་བཅངས་པའི་བརྩེ་བ་ལྷད་མེད་དང་ཚན་རིག་དང་མཐུན་པའི་དགོངས་འཆར་བྱེད་ཐབས་བཅས་འགྲེལ་བཤད་ཟབ་མོ་བྱས་ཡོད་ལ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་སྣེ་ཁྲིད་པའི་དུས་རབས་གསར་པའི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། སྔོན་ཆད་བྱུང་མྱོང་བའི་ལོ་རྒྱུས་རང་བཞིན་གྱི་བཅོས་བསྒྱུར་བཅས་ལ་འགྲེལ་བཤད་ཞིབ་ཚགས་བྱས་ཏེ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དུས་རབས་ཀྱི་ཁྱད་ཆོས་དང་། གཞུང་ལུགས་རིན་ཐང་། ལག་ལེན་གྱི་རླབས་ཆེའི་ནུས་པ་བཅས་ཡོངས་སུ་མངོན་བས། སྤྱི་ཚོགས་ཡོངས་ཀྱིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་སློབ་སྦྱོང་བྱ་ཆེད་གསོན་ཉམས་ལྡན་པའི་སློབ་དེབ་མཁོ་འདོན་བྱས་ཡོད་ཟེར།


  • 顶