ཕུའུ་ཅིང་གིས་བཀའ་རྒྱ་འདི་ལ་མིང་བཀོད་འདུག

2025-04-22
323

  ཚེས་ཉེར་གཅིག་ཉིན་ཕྱི་རྒྱལ་གྱི་ཕྱོགས་བསྡུས་འཕྲིན་སྦྱོར་གྱིས་གསར་འགྱུར་སྤེལ་བ་ལྟར་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་བཀའ་རྒྱ་ལ་མིང་བཀོད་ནས་ཨི་རན་དང་ཁྱོན་ཡོངས་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པའི་ཆིངས་ཡིག་ལ་ཆོག་མཆན་སྤྲད་པ་རེད།图片

  ཨུ་རུ་སུའི་འཁོར་སྐར་གསར་འགྱུར་ཁང་གིས་གསར་འགྱུར་སྤེལ་བ་ལྟར་ན།   ཆིངས་ཡིག་དེ་ནི་2025ལོའི་ཟླ་བ་དང་པོའི་ཚེས་བཅུ་བདུན་ཉིན། ཨི་རན་གྱི་ཙུང་ཐུང་ཕའེ་ཙེ་ཤིས་ཆིས་དབྱང་གིས་མོ་སི་ཁོ་ལ་འཚམས་འདྲི་བྱེད་རིང་། ཨུ་རུ་སུ་དང་མཉམ་དུ་མིང་རྟགས་བཀོད་པ་རེད། འབྲེལ་ཡོད་ཡིག་ཆ་དག་བཅའ་ཁྲིམས་ཆ་འཕྲིན་གྱི་གཞུང་ཕྱོགས་དྲྭ་ཚིགས་ཐོག་ཁྱབ་བསྒྲགས་བྱས་ཡོད།

  གསར་འགྱུར་ལས་བསྟན་དོན། ཡིག་ཆའི་ནང་དོན་གཞིར་བཟུང་ན། ཕྱོགས་གཉིས་ཀྱིས་ཐུན་མོང་གི་ཁེ་ཕན་ཁྱབ་ཁོངས་ཀྱི་འབྲེལ་བ་ཁག་ཟབ་སྤེལ་དང་རྒྱ་བསྐྱེད་གཏོང་གང་ཐུབ་བྱེད་པ་མ་ཟད། བདེ་འཇགས་དང་འགོག་སྲུང་ལས་ཀའི་ཐད་ཀྱི་མཐུན་སྦྱོར་ཇེ་དྲག་གཏོང་རྒྱུ་ཡིན། ད་རུང་ས་ཁུལ་དང་གོ་ལ་ཧྲིལ་པོའི་ངོས་ནས་མཐུན་སྦྱོར་གྱི་བྱ་སྤྱོད་ཇེ་ཟབ་གཏོང་རྒྱུ་རེད། 

  ཕུའུ་ཅིང་གིས་ཆིངས་ཡིག་འདི་ནི་ཐོད་བརྒལ་ངོ་མ་ཡིན་པ་དང་། ཨུ་རུ་སུ་དང་ཨི་རན། དེ་མིན་ས་ཁུལ་ཡོངས་ཀྱི་བརྟན་བརླིང་དང་རྒྱུན་མཐུད་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན་ཡོད་ཅེས་བསྟོད་བསྔཊ་བྱས། ཨི་རན་གྱི་ཙུང་ཐུང་ཕའེ་ཙེ་ཤིས་ཆིས་དབྱང་གིས་ད་རུང་རྒྱལ་ཁབ་གཉིས་ཀྱིས་ཉོ་ཚོང་འབྲེལ་བ་རྒྱ་བསྐྱེ་གཏོང་རྒྱུ་ཡིན་པ་མ་ཟད་བདེ་འཇགས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། 

ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།

རྩོམ་སྒྲིག་པ།  ཐུབ་བསྟན་ཟླ་བ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།

  • 顶