2025ལོའི་ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་གཅིག་ཉིན་གྱི་བར། ཀྲུང་གོའི་གློག་བརྙན་བརྙན་འཕྲིན་ལག་རྩལ་སློབ་ཚོགས་ཀྱི་བརྙན་འཕྲིན་སྒྲ་གདངས་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ཚོགས་འདུ་དང་༢༠༢༥ལོའི་སྒྲ་གདངས་བཟོ་སྐྲུན་གྱི་ཕུལ་བྱུང་བརྩམས་ཆོས་སྤེལ་རེས་བྱེད་སྒོ་དེ་ཡུན་ནན་ཞིང་ཆེན་ཏཱ་ལི་གྲོང་ཁྱེར་དུ་འཚོགས།
ཟླ་བ་བཞི་པའི་ཚེས་བཅུ་ཉིན་འཚོགས་པའི་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་ལག་རྩལ་སློབ་ཚོགས་ཀྱི་ལོ་རེའི་གཟི་བརྗིད་མིང་ཐོའི་2025ལོའི་སྒྲ་གདངས་བཟོ་སྐྲུན་གྱི་ཕུལ་བྱུང་བརྩམས་ཆོས་སྤེལ་རེས་བྱེད་སྒོའི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོའི་ཐོག བསྡོམས་པས་བརྩམས་ཆོས་རེ་དྲུག་ལ་གཟེངས་བསྟོད་ཐོབ། སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྲངས་ཉུང་མི་རིགས་སྐད་བརྡ་བསྒྱུར་སྐྲུན་སྒྲོག་གཏོང་ལྟེ་གནས་༼ཁམས་པའི་བརྙན་འཕྲིན་ཁང་༽ཀྱིས་བསྒྱུར་སྐྲུན་བྱས་པའི་གཏམ་རྒྱུད་གློག་བརྙན་《མཐིལ་མཐའ་གསལ་རྟོགས》ཞེས་པར་གྲངས་ཉུང་མི་རིགས་ཀྱི་སྐད་བསྒྱུར་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ། དཔྱད་བཤེར་ཚོ་ཆུང་གིས་བསྒྱུར་སྐྲུན་བྱས་པའི་གློག་བརྙན་《མཐིལ་མཐའ་གསལ་རྟོགས》ཞེས་པ་ལས་མི་རིགས་སྐད་སྒྱུར་ལས་དོན་ཉེ་བའི་ལོ་ཤས་རིང་འཕེལ་རྒྱས་བྱུང་བ་མངོན་ཡོད་ལ། མི་རིགས་སྐད་ཡིག་བསྒྱུར་སྐྲུན་གྱིས་རིམ་བཞིན་མིང་ཚིག་གདམ་གསེས་དང་ཁ་ཚུགས་ལད་མོ། སྒྲ་ཕབ་པའི་སྒྲ་གཤིས་བཅས་སྔ་མའི་གློག་བརྙན་དང་ཕལ་ཆེར་གཅིག་མཚུངས་ཡོང་ཡོད། སྒྲ་གདངས་དང་སེམས་ཁམས་དེ་གློག་བརྙན་ནང་གི་འཁྲབ་སྟོན་པའི་གཤིས་ཀ་དང་མཐུན་ལ། བསྲེས་འབེབས་སྒྲ་དཔངས་དོ་མཉམ་དང་ཐག་གཅོད་སོགས་ཀྱི་ཐད་ནས་སྒྲ་གདངས་དང་ཁོར་ཡུག་གཅིག་གྱུར་བྱུང་ཡོད་ཅེས་དཔྱད་གཏམ་སྤེལ། 
འདི་ནི་སི་ཁྲོན་ཞིང་ཆེན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྲངས་ཉུང་མི་རིགས་སྐད་བརྡ་བསྒྱུར་སྐྲུན་སྒྲོག་གཏོང་ལྟེ་གནས་༼ཁམས་པའི་བརྙན་འཕྲིན་ཁང་༽ལ་བྱ་དགའ་འདི་ཐོབ་ཐེངས་གཉིས་པ་ཡིན། ཁམས་སྐད་བསྒྱུར་སྐྲུན་གློག་བརྙན་《ཉེན་ཁ་ཆེན་པོ་གདོང་ལ་འཕྲད》ཅེས་པ་དེ་2023ལོའི་སྒྲ་གདངས་བཟོ་སྐྲུན་གྱི་ཕུལ་བྱུང་བརྩམས་ཆོས་སྤེལ་རེས་བྱེད་སྒོའི་ཐོག གློག་བརྙན་རིགས་ཀྱི་གྲངས་ཉུང་མི་རིགས་སྐད་བརྡ་བསྒྱུར་སྐྲུན་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ། 
དབང་འདུས་དང་། བཀྲ་གཡང་། བདེ་གཡང་། ཡེ་ཤེས་དོན་འགྲུབ་བཅས་ཀྱིས་ཡི་གེ་མཁོ་འདོན་བྱས།
ཡོང་ཁུངས། ཁམས་པའི་བརྙན་འཕྲིན་ཁང་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་པུའུ།
རྩོམ་སྒྲིག་པ། ཐུབ་བསྟན་ཟླ་བ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
འཕྲིན་སྟེགས། weikangba