དགོང་མོའི་ཆུ་ཚོད་བཅུ་པར་གཉིད་ཉལ་བ་དང་། ཆུ་ཚོད་བཅུ་གཅིག་ལ་གཉིད་ཉལ་བ་གཉིས། ཆུ་ཚོད་གཅིག་གི་སྔ་ཕྱི་ལས་མེད་ཀྱང་། བདེ་ཐང་ལ་གནོད་པ་ཡོད་མེད་ཁ་ཁ་སོ་སོ་རེད། 
ཆུ་ཚོད་བཅུ་པ་དང་བཅུ་གཅིག་གཉིད་ཉལ་བའི་ཁྱད་པར་གང་ཡིན་ཟེར་ན།
༡ ཆུ་ཚོད་བཅུ་པར་ཉལ་ན། ཕྱི་ཉིན་སེམས་ཁམས་ཇེ་དྭངས་རེད།
༢ ཆུ་ཚོད་བཅུ་པར་ཉལ་ན། སྐུལ་རྒྱུ་ནག་པོ་ཡལ་རྒྱུ་སྟབས་ཇེ་བདེ་རེད།
༣ ཆུ་ཚོད་བཅུ་པར་ཉལ་ན། སྙིང་རྩ་འགག་པའི་ཉེན་ཁ་ཇེ་ཆུང་རེད།

འདྲ་པར་འདི་མི་བཟོས་རིག་ནུས་ཀྱིས་བཟོས་པ་ཡིན།
གཉིད་ཉལ་བའི་གོམས་གཤིས་ཇི་ལྟར་གསོ་སྐྱོང་བྱེད་དགོས་ཟེར་ན།
དང་པོ། རང་མོས་བྱེད་སྒོའི་དུས་ཚོད་སྔ་ནུར་བྱེད་པ།
གཉིས་པ། མ་ཉལ་གོང་ལ་སེམས་པ་ལྷོད་ལྷོད་བྱེད་པ།
གསུམ་པ། བསམ་བློ་མང་པོ་མི་གཏོང་བ།
བཞི་པ། ཉལ་ས་རིག་དུས་གཉིད་བྲོ་བའི་བསམ་བློ་ཆགས་བཅུག་པ།
ལྔ་པ། གཉིད་ཉལ་བའི་གོམས་གཤིས་ཡག་པོ་ཆགས་པ།
ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།
རྩོམ་སྒྲིག་པ། ཐུབ་བསྟན་ཟླ་བ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ
འཕྲིན་སྟེགས། weikangba