སྒོ་ཁྲལ་གྱི་རྡབ་གསིག་འོག སྤྱི་ཁོག་སྲིད་ཇུས་འདི་ལྟར་ལེཊ་སུ་གཏོང་།

2025-04-13
231

  ཨ་རིས་སྒེར་སེམས་ལ་བརྟེན་ནས་སྒོ་ཁྲལ་བསྡུ་རྒྱུ་དེ་གནོན་ཤུགས་ཚད་མེད་སྤྲོད་པ་དང་སྒེར་ཕན་སྒྲུབ་པའི་མཚོན་ཆར་བརྩིས་པར། ཀྲུང་གོས་ལན་ཆ་གང་འདྲ་བྱས་ཡོད་དམ། སྤྱི་ལོ་2025ལོའི་ཟླ་4ཚེས་10ཉིན་གྱི་ཆུ་ཚོད་12དང་སྐར་མ་01ནས་བཟུང་། རང་རྒྱལ་གྱིས་ཨ་རིར་སྒོ་ཁྲལ་བརྒྱ་ཆ་84སྣོན་བསྡུ་བྱ་རྒྱུའི་བྱ་ཐབས་ལག་ལེན་བསྟར་འགོ་ཚུགས་ཡོད། དཔལ་འབྱོར་བརྟན་པོ་དང་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་ཡོང་བར་ང་ཚོས་རང་ཉིད་ཀྱི་ལས་དོན་ཇི་ལྟར་ལེགས་པར་བསྒྲུབ་དགོས་སམ་ཞེ་ན། 《གསར་འགྱུར་1+1》ལེ་ཚན་གཙོ་སྐྱོང་བ་ཁྲའེ་ལུའུ་ཡིས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཀྲང་པིན་དང་ཐད་སྦྲེལ་གྱིས་དབྱེ་ཞིབ་དང་གསལ་འགྲེལ་གནང་ཡོད།

ཉོ་ཚོང་དམག་འཐབ་ཀྱི་བརྡབ་གསིག་ལ་ཁ་གཏད་གཅོག་པའི་སྤྱི་ཁོག་སྲིད་ཇུས་ཇི་ལྟར་བྱས་ཏེ་འཐུས་སྒོ་ཚང་དུ་གཏོང་དགོས་སམ།

     ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཀྲང་པིན་གྱིས། སྒོ་ཁྲལ་དམག་འཐབ་ཀྱི་ཤུགས་རྐྱེན་ཐད། ལན་ཆ་བྱེད་མགྱོགས་ཤོས་ནི་མ་རྩའི་ཁྲོམ་ར་ཡིན། ཉིན་འདི་དག་རིང་མ་རྩའི་ཁྲོམ་རར་འཕར་ཆག་ཆེན་པོ་བྱུང་བ་ཡང་ཚང་མས་མཐོང་ཡོད། ངའི་བསམ་པར་ད་ལྟའི་ཐབས་ཇུས་ཨང་དང་པོ་ནི་མ་རྩའི་ཁྲོམ་རའི་སེམས་ཤུགས་བརྟན་དུ་གཏོང་རྒྱུ་དེ་ཡིན། ད་དུང་འདིས་གཏན་ནས་འདང་གི་མེད་པ་ནི་སྨོས་མེད་རེད། སླད་ཕྱིན་ཆད་ད་དུང་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ང་ཚོས་ཉོ་ཚོང་དམག་འཐབ་ཀྱི་བརྡབ་གསིག་ལ་ཁ་གཏད་སྔར་ལས་ཡག་པ་གཅོག་རྒྱུར་རོགས་རམ་བྱ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། སྲིད་ཇུས་འདི་དག་སྤྱིར་རིགས་གསུམ་ལ་དབྱེ་ཆོག་ཅེས་གསུངས་པ་རེད།

     སྲིད་ཇུས་རིགས་དང་པོ་དེར་སྤྱིའི་དགོས་མཁོ་བརྟན་པོ་ཡོང་བའི་སྲིད་ཇུས་ཞེས་བརྗོད་ཆོག དེའི་ནང་གཙོ་བོ་དུས་འཁོར་ལས་ལྡོག་པའི་སྲིད་ཇུས་ཀྱི་ལག་ཆ་ཁག་གཅིག་སྟེ། དཔེར་ན། ང་ཚོའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་སྔར་ལས“འཐུས་ཚང”ཡོང་བ་བྱ་དགོས། དེའི་གཞི་འཛིན་ས་ནི་སྤྱི་ཁོག་དཔལ་འབྱོར་གྱི་ཁྲོམ་ར་ཆེན་པོ་བརྟན་པོ་ཡོང་བ་བྱེད་པ་དང་། སྤྱི་ཁོག་དཔལ་འབྱོར་གྱི་ཁྲོམ་ར་ཆེན་པོ་བརྟན་པོ་བྱུང་ན་ལས་ཞུགས་བརྟན་པོ་ཡོང་ཐུབ། དེ་ལྟར་བྱས་ན་ལས་རིགས་ཁག་གཅིག་ལ་བརྡབ་གསིག་ཕོག་རུང་། རྒྱལ་ནང་དུ་གོ་སྐབས་གསར་པ་ཁག་གཅིག་རྙེད་ཐུབ།

     སྲིད་ཇུས་རིགས་གཉིས་པ་དེར་གྲུབ་གཞིའི་རང་བཞིན་གྱི་ཁྱད་ཆོས་ཁག་གཅིག་ལྡན་འདུག་སྙམ་བྱུང་། སྒོ་ཁྲལ་གྱི་བརྡབ་གསིག་ཕོག་ན། ཁེ་ལས་ཁག་གཅིག་བརྗེ་སྒྱུར་བྱེད་སྲིད་པ་དང་ཕྱིར་གཏོང་བྱ་ཡུལ་ལ་འགྱུར་ལྡོག་འགྲོ་སྲིད་ལ། ཐོན་རྫས་ཞབས་ཞུའི་ཐད་ལའང་འགྱུར་ལྡོག་ཡོང་སྲིད། ཐ་ན་དེ་སྔའི་ཕྱི་ཕྱོགས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ་ནས་ནང་ངོས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བའི་ཕྱོགས་སུ་བསྒྱུར་སྲིད་པས། ཁེ་ལས་བང་རིམ་དུ་ལེགས་སྒྲིག་མང་པོ་བྱ་དགོས། སྲིད་གཞུང་གིས་ཀྱང་ཁེ་ལས་དེ་དག་ལ་གཞོགས་འདེགས་དང་། ཁེ་ལས་དེ་དག་ལ་གྲུབ་གཞིའི་རིགས་ཀྱི་བརྗེ་སྒྱུར་འདི་ལྟར་ཡོང་བར་རོགས་རམ་བྱ་དགོས།

     སྲིད་ཇུས་རིགས་གསུམ་པ་དེར་དཀའ་ངལ་ལས་སྒྲོལ་རོགས་སྲིད་ཇུས་ཞེས་བརྗོད་ཆོག བརྒྱུད་རིམ་འདིའི་ཁྲོད་ང་ཚོས་གྲ་སྒྲིག་ཨང་གསར་བྱེད་དགོས། ཁེ་ལས་ཁག་གཅིག་ལ་ལས་ཞུགས་ཐད་ཀྱི་གནོན་ཤུགས་ཚུད་པའི་གནོན་ཤུགས་ཅུང་ཆེན་པོ་འཕྲད་སྲིད། ཤུགས་རྐྱེན་དང་བརྡབ་གསིག་ཕོག་ཅུང་ཆེ་བའི་ཁེ་ལས་དང་ངལ་རྩོལ་པར་སྲིད་གཞུང་གིས་ཀྱང་ཁོ་ཚོ་དཀའ་ངལ་ལས་སྒྲོལ་རོགས་བྱ་དགོས་པ་བཅས་སོ། །


  • 顶