ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ལམ་རེད། ཚན་རྩལ་གསར་གཏོད་འཕེལ་རྒྱས་གཏོང་དགོས་ན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་རྒྱུ་ལ་མིག་རྒྱང་བསྲིངས་ནས། སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་མཉམ་སྤེལ་རྒྱུན་འཁྱོངས་བྱེད་དེ། ཚན་རྩལ་གྲུབ་འབྲས་མང་པོ་འདོན་དགོས་ལ། ཚན་རྩལ་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་ལ་བསྒྱུར་ཐུབ་དགོས། ཐོན་ལས་གསར་གཏོད་འཕེལ་རྒྱས་གཏོང་དགོས་ན། དངོས་གཉེར་དཔལ་འབྱོར་རྨང་རྩ་འདི་བརྟན་པོར་སྲུང་དགོས་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་ལུསག་བསྒྱུར་རིམ་སྤར་བྱེད་པ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་ཀྱི་འཕེལ་ཕྱོགས་གསར་པ་གཏོད་རྒྱུ་གཉིས་གཙིགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་གཏོང་དགོས་ན། སྟེགས་བུ་འཛུགས་སྐྱོང་དང་ལམ་ལུགས་ནང་རྐྱེན་འཐུས་སྒོ་ཇེ་ཚང་གཏོང་དགོས་པ་དང་། ཁེ་ལས་ཀྱི་གསར་གཏོད་བྱེད་མཁན་གཙོ་བོའི་གོ་གནས་ཇེ་དྲག་བཏང་ནས། གསར་གཏོད་མ་ལག་དང་ཐོན་ལས་མ་ལག་འབྲེལ་མཐུད་གང་ལེགས་བྱེད་དགོས།
༢༠༢༥ ལོའི་ཟླ་བ་གསུམ་པའི་ཚེས་ལྔ་ཉིན། ཞི་ཅིན་ཕིང་གིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་ལས།
འཕྲིན་སྟེགས། weikangba