ཟླ་བ་བཞི་པའི་ཚེས་དགུ་ཉིན། ལ་ཏིང་མེ་གླིང་དང་ཅ་ལི་པིང་རྒྱལ་ཁབ་ཐུན་མོང་ཚོགས་པའི་སྐབས་དགུ་པའི་རྩེ་འཛོམས་གྲོས་ཚོགས་དེ་རེས་བསྐོས་ཀྲུའུ་ཞི་རྒྱལ་ཁབ་ཧོང་ཏུའུ་ལ་སི་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩེ་འཛོམས་གྲོས་ཚོགས་ལ་ཤིས་ཚིག་ཕུལ་བ་རེད།
ཞི་ཅིན་ཕིང་གིས། མིག་སྔར་འཛམ་གླིང་ལ་ལོ་བརྒྱ་རིང་བྱུང་མ་མྱངས་བའི་འགྱུར་ལྡོག་བྱུང་བཞིན་ཡོད་ལ། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིང་རྒྱལ་ཁབ་འདུས་པའི་གོ་ལ་ཡོངས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྟོབས་ཤུགས་སྙན་གྲགས་ཇེ་ཆེར་འགྲོ་བཞིན་ཡོད། ལ་ཏིང་མེ་གླིང་ཐུན་མོང་ཚོགས་པས་རང་བདག་རང་བཙན་དང་མཉམ་འབྲེལ་རང་སྟོབས་རྒྱུན་འཁྱོངས་བྱས་ནས། ས་ཁུལ་འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་དང་འཕེལ་རྒྱས་མཉམ་ལས་སྐུལ་སྤེལ། ས་ཁོངས་ཕུང་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ལ་ཏིང་མེ་གླིང་དང་ཅ་ལི་པིང་རྒྱལ་ཁབ་དང་མི་དམངས་ཀྱིས་འཕེལ་རྒྱས་དར་རྒྱས་ལམ་བུའི་ཐོག་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་ནས། གོ་ལ་ཡོངས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པའི་རེ་སྨོན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ལ་ཏིང་མེ་གླིང་བར་གྱི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་ཟད་ཆེན་པོ་ཐེབས་ཡོད། འདྲ་མཉམ་དང་གཉིས་ཁེ། གསར་གཏོད། སྒོ་འབྱེད། དམངས་ཕན་གྱི་དུས་རིམ་གསར་པར་སླེབས་ཡོད་པས། ཕྱོགས་གཉིས་ཀྱི་ཆབ་སྲིད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཟབ་དང་། དོན་གཉེར་མཉམ་ལས་རྒྱུན་མཐུད་དུ་རྒྱ་བསྐྱེད་པ། མི་ཆོས་རིག་གནས་སྤེལ་རེས་ཉིན་རེ་བཞིན་ཇེ་ཟབ་བཏང་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་ཀྱི་མི་དམངས་ལ་ཕན་བཏགས་པར་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་མཉམ་ལས་ཀྱི་དཔེ་སྟོན་བསྐྲུན་ཡོད། ཀྲུང་གོས་ས་ཁུལ་རྒྱལ་ཁབ་དང་མཉམ་དུ། ཀྲུང་གོ་དང་ལ་ཏིང་མེ་གླིང་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་ཐད་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་འདོད་ཡོད། ད་ལོར། ཀྲུང་གོས་པེ་ཅིན་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་ཀྱི་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འཚོག་རྒྱུ་རེད། ལ་ཏིང་མེ་གླིང་ཐུན་མོང་ཚོགས་པའི་ཁོངས་ཞུགས་རྒྱལ་ཁབ་ཁག་ཀྲུང་གོར་འཚམས་འདྲིར་ཕེབས་ནས། འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་གྲོས་དང་མཉམ་ལས་དགྱེས་འཛོམས་འཚོགས་ནས། གོ་ལ་ཅན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་གོ་ལ་བཅོས་སྐྱོང་འགྱུར་ལྡོག་གཏོང་བ། འཛམ་གླིང་ཞི་བདེ་བརྟན་བརླིང་ཡོང་བར་ཤེས་རིག་དང་སྟོབས་ཤུགས་འབུལ་བའི་དགའ་བསུ་ཡོད་ཅེས་གསུངས།
འཕྲིན་སྟེགས། weikangba