ཟ་འཕྲོའི་སྐོར་ཀྲུང་ནན་ཧྲན་གྱིས་འདི་ལྟར་གསུངས་འདུག

2025-04-11
271

图片

  ཉེ་ཆར་རྒྱལ་ཁབ་རྒན་རྒོན་སློབ་ཆེན་གྱི་སློབ་འགོ་ཚུགས་པའི་སློབ་ཐུན་དང་པོའི་ཐོག་ཡོན་ཧྲི་ཀྲུང་ནན་ཧྲན་གདན་འདྲེན་ཞུས་ནས་སློབ་སྟོན་གནང་བ་རེད།

ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་རྒན་རྒོན་རྣམས་ཀྱིས་ནམ་རྒྱུན་ཁྱིམ་དུ་གྲོན་ཆུང་བྱེད་པའི་ཆེད་དུ་ཚལ་ལྷག་འབྲས་ལྷག་གཙང་མ་མིན་པ་དང་གསར་པ་མིན་པ་རྣམས་ཟ་མི་ཉན། དེ་དག་ནང་ཟེ་ཚྭའི་སྐྱུར་ཚྭ་ཞེས་པ་ཡོད་པས་གྲོན་ཆུང་བྱེད་པ་ཕར་ཞོག ཕོ་བའི་སྐྲན་ནད་སློང་ཉེན་ཡོད་ཅེས་གསུངས།图片  འདིའི་ཐད་ལ་དྲ་གྲོགས་རྣམས་ཀྱིས་བདེན་པ་མཐོང་ནས་ཚང་མས་གྲོན་ཆུང་བྱེད་པ་ལེགས་ཀྱང་ལུས་ཀྱི་བདེ་ཐང་ནི་དེ་བས་གལ་ཆེ་བ་ཡིན་པས་ཟ་འཕྲོ་བཏུང་འཕྲོ་རྣམས་བདེ་ཐང་གི་རྐྱེན་ངན་ལ་འགྱུར་དུ་འཇུག་མི་ཉན་ལ། བདེ་ཐང་ཅན་གྱི་གཟུགས་པོ་ནི་ཡོད་ཚད་ཀྱི་རྩ་བ་རེད། ཕན་འབྲས་མེད་པའི་གྲོན་ཆུང་གིས་གཟུགས་པོ་ལ་དེ་ལས་གནོད་པ་ཆེ་བ་སོགས་བཤད། ཟ་མ་ལྷག་འཕྲོ་རྣམས་དྲོད་པོ་ཡིན་དུས་འཁྱགས་སྒམ་ནང་འཇོག་དགོས།

  ཟས་རིགས་སྣོད་དྲོད་པོའི་ནང་ངམ་ཚ་དྲོད་ཆེ་ས་ཡུན་རིང་ཅི་ཙམ་བཞག་ན་ཕྲ་སྲིན་དེ་ཙམ་སྐྱེ་འཕེལ་འགྲོ་བ་ཡིན་པས། ཟ་མ་དྲོད་པོ་ཡིན་ཚེ་འཁྱགས་སྒམ་ནང་འཇོག་ན་གྲང་ཚད་4℃འོག་ཟ་མ་འཁྱགས་པ་བྱེད་ནས་ཕྲ་སྲིན་མགྱོགས་པོར་སྐྱེ་འཕེལ་མི་འགྲོ་བར་སྔོན་འགོག་བྱ་ཐུབ་པ་རེད། དེ་ཕྱིར་ཟ་རྔ་བུད་མེད་པའི་ཟ་ལྷག་རྣམས་མྱུར་དུ་སྣོད་ནང་བླུག་ནས་འཁྱགས་སྒམ་ནང་འཇོག་དགོས། 

འཁྱགས་སྒམ་ནང་དུ་ཟས་རིགས་འཇོག་རྒྱུ་མང་དྲགས་པ་དང་ལྗིད་དྲགས་པ་བྱ་མི་རུང་།

ཉར་ཚགས་བྱེད་སྐབས་དྲོ་གྲང་ཚད་ལྡན་ཡིན་མིན་ལྟ་དགོས།

  འཁྱགས་སྒམ་ནང་གྲང་ཉར་བྱེད་སྐབས་གྲང་ཚད་0℃~6℃བར་ཡིན་ན་ཕྲ་སྲིན་སྐྱེལ་འཕེལ་མགྱོགས་པོ་མི་འགྲོ་བ་དང་། ཟས་རིགས་ནང་གནོད་ལྡན་ཕྲ་སྲིན་དང་དུག་རྒྱུ་སོགས་མི་སྐྱེད་པར་ཕན་ཐོགས་ཡོད་པ་རེད།

ཁ་ཁ་ཕྱེས་ནས་ཉར་ཚགས་བྱེད་པ།

  ཁ་ཁ་ཕྱེས་ནས་ཉར་ཚགས་བྱས་ན་ཕྲ་སྲིན་ཕན་ཚུན་སྦགས་བཙོག་མི་བྱུང་བ་ཕན་ལ། སྣོད་ཆས་གཙང་མའམ་སྡེར་མའི་ནང་འཇོག་དུས་ཁ་དམ་པོར་རྒྱག་དགོས།

ཟ་མ་འཁྱགས་སྒམ་ནང་ནས་ཚུར་ལེན་དུས་མ་ཟོས་གོང་རྙིང་པ་ཆགས་ཡོད་མིན་དང་དྲི་མ་བྲོ་བཞིན་ཡོད་མེད་ཞིབ་ཕྲ་བརྟག་ནས་རྙིང་པའམ་རུལ་དྲི་སོགས་རྩ་བ་ནས་མེད་ན་ད་གཟོད་ཟོས་ན་འགྲིག་པ་རེད། ཟ་མ་ཚ་པོ་བཟོ་དུས་མེ་ཐབ་དང་རླབས་ཐབ་སོགས་ཀྱི་ཚ་ཚད་མཐོན་པོ་སྤྱད་ནས་ཡུན་རིང་ཙམ་ལ་ཚ་པོ་ཆགས་ཐུབ་པ་བྱ་དགོས།

ནམ་རྒྱུན་ཚ་པོ་ཅུང་ཙམ་བྱེད་ནས་ཟ་མི་ཉེན།

ཟས་རིགས་འདི་དག་ཐེངས་ཉིས་ལ་ཚ་པོ་བཟོ་མི་རུང་། 

ཤ་མོའི་རིགས། ཤ་མོའི་རིགས་འཁྱགས་སྒམ་ནང་བཞག་ནས་ཕྱི་ཉིན་ཚ་པོ་བྱེད་དུས་ཟེ་ཚྭའི་སྐྱུར་ཚྭ་འདུས་ཚད་ཇེ་མང་འགྲོ་གི་ཡོད་པ་རེད།

ཚལ་སྣག ཚལ་སྣག་ནང་རྩྭ་སྐྱུར་ཟེར་བ་དེ་འདུས་ཚད་མང་བས་མ་ཟོས་གོང་ངེས་པར་དུ་ཆུ་ཚན་ནང་བཤལ་བཤལ་གཏོང་རྒྱུ་གལ་ཆེ། ད་དུང་ཚལ་སྣག་ནང་ཟེ་ཚྭའི་སྐྱུར་ཚྭ་མང་པོ་འདྲེས་ཡོད་པས་ཐེངས་གཉིས་པར་ཚ་པོ་བྱས་ན་ལུས་པོ་ལ་གནོད་པ་ཆེ་བ་རེད།

  མོག་དཀར་ཐང་། མོག་དཀར་ཐང་གི་ནང་ལའང་ཟེ་ཚྭའི་སྐྱུར་ཚྭའི་རིགས་འདྲེས་ཡོད་པས་བཙོས་ཟིན་པའི་མོག་དཀར་ཐང་ཡུན་རིང་པོ་འཇོག་ན་ཟེ་ཚྭ་དེ་༼亚硝酸༽ཟེ་ཚྭའི་སྐྱུར་འགྱུར་འགྲོ་བ་རེད། དེར་བརྟེན་མོག་དཀར་ཐང་སྐོལ་ཚར་དུས་མགྱོགས་པོར་འཐུང་དགོས་པ་ལས་ཞག་ཏུ་བཞག་མི་ཉེན་པ་རེད།

འོ་མ། འོ་མ་ཚ་པོ་ཐེངས་མང་པོ་བྱས་ན་འོ་མའི་ནང་གི་སྤྲི་དཀར་གྱི་གཤིས་འགྱུར་ནས་འཚོ་བཅུད་ཉམས་འགྲོ་བ་མ་ཟད། འོ་མའི་ནང་ཕྲ་སྲིན་འཕེལ་ནས་གཤིས་འགྱུར་འགྲོ་བས་གྲོད་ཁོག་བཤལ་བའི་ཉེན་ཁ་ཡོད་པ་རེད།

འཚོ་བའི་ནང་གི་རྒྱུན་ཤེས་འདི་རྣམས་ཡིད་ལ་འཇོག་ན་ལེགས།

ཟ་འཕྲོ་མི་འཇོག་པའི་ཐབས་གང་དག་བྱ་དགོས།

  ལོ་མ་ཅན་གྱི་སྔོ་ཚལ་ཉོ་ཚར་རྗེས་ཟ་ཐུབ་པ་བྱེད་དགོས། དུས་ཡུན་རིང་པོར་འཇོག་ན་མི་ལེགས། ཟ་མ་ཚར་བའི་སྔོ་ཚལ་གཙང་མར་བཀྲུ་ནས་སྣོད་ནང་ལེགས་པོར་ཉར་ན་ཕྲ་སྲིན་གྱིས་སྦགས་བཙོག་མི་ཆགས་པ་ཕན། ཤ་རིགས་དང་མཚོ་ཟས་རྣམས་གྲང་ཉར་བྱེད་དུས་དུམ་བུ་ཆུང་ངུ་བྱེད་ནས་རེ་རེ་བཞིན་ཉར་ཚགས་བྱས་ན་ལེགས་པ་དང་།འཁྱགས་སྒམ་ནས་ཟ་ཚད་ཙམ་མ་གཏོགས་མང་པོ་ཞིག་ཁེངས་དྲོས་མ་བཅུག་ན་བཟང་བ་བཤད། ཤ་རིགས་ཁེངས་དྲོས་ཐེངས་མང་པོ་བྱས་ན་རུལ་བ་དང་ཟས་གཤིས་འགྱུར་ཉེན་ཡོད་པ་རེད།

གཡོས་སྦྱོར་ཟིན་པའི་ཟ་མ་ཟ་མ་ཚར་ན་ཁག་བགོས་ནས་གྲང་ཉར་བྱས་ན་ལེགས། 

  ད་དུང་ཚང་མས་ཡིད་ལ་འཛིན་དགོས་པ་ཞིག་ནི་རིམས་འགོག་ནུས་པ་ཞན་པའི་མི་ཚོགས་ཏེ་བྱིས་པ་དང་། རྒན་རྒོན། སྦྲུམ་མ། དེ་བཞིན་གཅོང་ནད་དང་སྐྲན་ནད་ན་མཁན། ཡང་ན་རིམས་ནད་འགོག་བྱེད་སྨན་རྫས་སྤྱོད་བཞིན་པའི་མི་ཚོགས་བཅས་ཀྱིས་ཟ་འཕྲོ་དང་ཟ་མ་རྙིང་བའི་རིགས་མ་ཟོས་ན་ཡག་པ་རེད། གལ་ཏེ་ཟ་འཕྲོ་བཏུང་འཕྲོ་ཟོས་རྗེས་སྐྱུག་མེར་ལངས་པ་དང་། གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ན་གང་མགྱོགས་ཀྱིས་སྨན་བཅོས་བྱ་རྒྱུ་གལ་ཆེ་བ་རེད།


ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།

རྩོམ་སྒྲིག་པ།  མཚོ་ལྷ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།





  • 顶