དགོངས་པ་གསར་པས་བགྲོད་ལམ་གསར་པར་སྣེ་ཁྲིད།

2025-04-09
392

  ད་ལོའི་དཔྱིད་རྨོར། ས་གནས་ཁག་གིས་ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་པ་དང་། ས་བབ་དང་བསྟུན་ནས་ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་ཞིང་ ། སྲོལ་རྒྱུན་ཞིང་ལས་ཐོན་སྐྱེད་བྱེད་ཐབས་ལེགས་བཅོས་མགྱོགས་པོར་བྱས་ནས། ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་ཡོད། ད་ལོའི་དཔྱིད་ཀར། དེང་རབས་ཅན་གྱི་རྨོ་འདེབས་བྱེད་ཐབས་ལྷོ་ནས་བྱང་བར་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་དེ། འབྲི་ཆུའི་འབབ་རྒྱུད་དུ། མྱུག་གསོའི་བཟོ་གྲྭ་སྔར་ལས་མང་པོས་རྒྱུན་ཆད་མེད་པར་སྔ་སྨིན་འབྲས་ཀྱི་མྱུག་གཞུང་སྐྱེལ་འདྲེན་བར་ཆད་བཞིན་མེད་ལ།  རྨ་ཆུ་དང་ཧའེ་ཧའོ་གཙང་བོ། ཧའེ་ཧུའུ་གཙང་བོའི་གྲོ་འདེབས་ཁུལ་དུ། རིག་ནུས་ཅན་གྱི་ཆུ་འདྲེན་ལས་ཆུ་ཐིགས་རེ་རེ་དུས་ཐོག་ཏུ་གྲོ་མྱུག་བརླན་སྐྱེ་ཐུབ་ཀྱི་ཡོད་ལ།  ཀྲུང་ཧྭའི་བྱང་རྒྱུད་དང་ནུབ་བྱང་རྒྱུད་དུ། བྱང་སྐར་འཁོར་སྐར་གྱི་ནུས་མཐོའི་འདེབས་འཛུགས་འཕྲུལ་འཁོར་གྱིས་དཔྱིད་གྲོ་དང་ཞོག་ཁོག་སོགས་ལོ་ཏོག་ཡང་དག་འདེབས་རྨོ་བྱེད་བཞིན་ཡོད།

  ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་ད་ལོའི་དཔྱིད་རྨོ་དང་དཔྱིད་རྨོའི་དོ་དམ་སྔར་ལས་སྤུས་མཐོ་དང་ཕན་འབྲས་མཐོ་རུ་བཏང་ཡོད།ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་གཙོ་བོ་ཚན་རྩལ་ལ་བརྟེན་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཞིང་ལས་ཚན་རྩལ་གསར་གཏོད་ལ་མཐོང་ཆེན་ཚད་མེད་གནང་བཞིན་ཡོད།ཁོང་གིས་ང་ཚོར་ཐོན་ཁུངས་ཆ་རྐྱེན་འདི་ཙམ་ལས་མེད་ལ། གཞི་རྒྱ་ཆེན་པོའི་ཚོང་རར་ཞིང་ལས་ཐོན་རྫས་ཀྱི་དགོས་མཁོ་མུས་སུ་ཇེ་ཆེར་འགྲོ་བཞིན་ཡོད་པས།ད་ལྟ་སྔོན་མའི་དུས་གང་ལས་ཀྱང་ཞིང་ལས་ཚན་རྩལ་གསར་གཏོད་ལ་མཐོང་ཆེན་དང་དེར་བརྟེན་དགོས་པས། མི་འདང་ཁ་གསབ་ལ་འབད་པ་དང་། ད་དུང་རྗེས་ཐོན་ལེགས་ཆ་འདོན་སྤེལ་དང་ཐོད་བརྒལ་ཐུབ་དགོས་ཞེས་གསུངས། ནན་ཧྥན་ཀུའེ་ཀུའུ་ནས་བྱང་ཤར་ས་ནག་དང་། རྨ་ཆུ་དང་ཧུའེ་ཧའོ་གཙང་བོའི་བདེ་ཐང་ནས་ཐེན་ཧྥུའུ་འབྲུ་མཛོད་བཅས་སུ། སྤྱི་ཁྱབ་ཧྲུའུ་ཅིས་རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཆུ་ཚད་མཐོར་འདེགས་མགྱོགས་པོར་གཏོང་བར་སྣེ་ཁྲིད་གནང་ཡོད།

  ས་བོན་ནི་ཞིང་ལས་ཀྱི་སྙིང་རྩ་ཡིན་པས། ད་ལོའི་དཔྱིད་རྨོའི་དུས་སུ། ས་བོན་རིགས་གསར་པ་མང་པོ་གཏན་ཁེལ་ནང་བཞིན། འབྲི་ཆུའི་ལྷོ་བྱང་ཀུན་ལ་མྱུ་གུ་འབུས་ཡོད། པེ་ཅིན་དུ་གཞི་གྲངས་ཆེན་པོས་སྐྲུན་པའི་སོན་འདེབས་རིག་མཛོད་ཐེངས་དང་པོར་ཁྱབ་ཁོངས་ཆེན་མོའི་ནང་བེད་སྤྱོད་གཏོང་བས། རང་རྒྱལ་གྱི་མ་རྨོས་ལོ་ཏོག་ལྟེ་གནས་ཐོན་ཁུལ་དུ་སྤྱི་ལེ་ལྔ་བསྒྱུར་ལྔའི་དྲྭ་བ་ཁྲི་དྲུག་ལྷག་ཏུ་བགོས་ཡོད། འཁོར་སྐར་རྒྱང་ཚོར་ལག་རྩལ་དང་ཞིང་ལས་ཁོར་ཡུག་རྩིས་ཐབས་ལ་བརྟེན་ནས། མ་རྨོས་ལོ་ཏོག་རིགས་གསར་པ་ལ་སྐྱེ་ཁུལ་ཆེས་ཡག་ཤོས་བཀོད་སྒྲིག་བྱས་པ་རེད། དེར་བརྟེན་རིགས་སྣ་གསར་པ་དང་འཚམས་པའི་ས་གཞི་ཡོད་པར་མ་ཟད། ཞིང་ལས་འཕྲུལ་ཆས་སྔོན་ཐོན་གྱིས་ཞིང་ལས་ལས་སྒྲུབ་སྔ་ལས་ཞིབ་མོ་དང་ནུས་པ་ཆེན་པོ་ཐོན་གྱི་ཡོད།  ཞིང་ལས་འཕྲུལ་ཆས་བྱེ་བ་གཉིས་ལྷག་ཐོན་སྐྱེད་ཁུལ་དུ་སྐྱོད་ཅིང་། ཞིང་འདེབས་ས་སོབ་འཕྲུལ་ཆས། ནུས་པ་མཐོ་བའི་མྱུག་འདེབས་ཆས། རི་མ་ཐང་ཞིང་ལས་འཕྲུལ་ཆས་ཆུང་ཤོས། རྩེ་གྲས་དང་རིག་ནུས་ཅན་གྱི་ཞིང་ལས་འཕྲུལ་ཆས་ས་ཡ་གསུམ་འབུམ་དགུ་ལྷག་དཔྱིད་རྨོ་དང་དཔྱིད་ཀའི་དོ་དམ་ཐད་སྤྱོད་པ་རེད།

  ཡངས་ཤིང་ཆེ་བའི་ཞིང་ཁ་རུ། ཞིང་ལས་ཐོན་སྐྱེད་རྣམ་པ་མང་པོར་རིག་ནུས་ལྡན་ཡོད་དེ།  ཅང་སུའུ་ཕུའུ་ཁུའོ་རུ་ཞིབ་འཇུག་གསར་གཏོད་བྱེད་པའི་མི་མེད་གནམ་གྲུ་གསར་པ་ཞིག་གིས་ཞིང་ཁར་ཚོད་ལྟ་བྱེད་བཞིན་འདུག ལག་རྩལ་མི་སྣས་འདི་ལ་ཁ་བརྡ་བྱེད་པ་ཙམ་ལས། སྐད་བརྡ་དབྱེ་འབྱེད་མ་ལག་ཡོད་པའི་མི་མེད་གནམ་གྲུས་གོ་བ་ལེན་ཐུབ་ནས་དེ་མ་ཐག་ཏུ་ཞིང་ཁར་ཞིང་ལས་བྱེད་པ་རེད། ཀྲེ་ཅང་ཧའེ་ཉིང་དུ། ས་གནས་དེ་གས་བཀོད་སྒྲིག་བྱེད་པའི་རིག་ནུས་མ་དཔེ་དཔྱིད་རྨོའི་ཐོན་སྐྱེད་ཁྲོད་དུ་སྤྱོད། ལོ་གཅིག་གི་སྔོན་ལ་ཞིང་རའི་ནང་དུ་རིག་ནུས་མ་དཔེ་ལ་ཐོན་སྐྱེད་བརྒྱུད་རིམ་ཡོངས་ཀྱི་གཞི་གྲངས་མང་པོ་འདོན། སྦྱོང་བརྡར་རྒྱུན་མི་ཆད་པར་འཐུས་ཚང་གཏོང་། ཐོན་སྐྱེད་གནད་དོན་བཏོན་རྗེས་སྐར་ཆ་ཁ་ཤས་ནང་དུ་ལན་སློག་ཐུབ་པ་རེད།

  དཔྱིད་ཀ་འདིར་རིག་ནུས་ཞིང་ལས་འཕྲུལ་ཆས་ས་ཞིང་ནང་དུ་སྐྱོད་ཅིང་། ཚོར་ཆས་ཀྱིས་ས་ཞིང་ཐོག་གི་འགྱུར་ལྡོག་ཕྲན་བུ་ཚོར་ཐུབ། རྩིས་ཐབས་ལས་བརྒྱུད་རིམ་ཡོངས་ཀྱི་ཐོན་སྐྱེད་འཆར་འགོད་བཀོད།  ཞིང་ལས་སྤུས་གསར་ཐོན་སྐྱེད་ནུས་པས་སྲོལ་རྒྱུན་ཞིང་ལས་ལ་གསོན་ཤུགས་རབ་ཏུ་རྒྱས་བཅུག་ཡོད། ད་ལོར་རང་རྒྱལ་གྱིས་ཞིང་ལས་ཚན་རྩལ་གསོ་སྐྱོང་ཆས་ཁག་གཅིག་འཛུགས་སྐྲུན་བྱ་རྒྱུ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་དྲུག་བཏང་ནས་རིགས་སྣ་གལ་ཆེན་ཞིབ་འཇུག་གསར་གཏོད་དང་ཁྱབ་གདལ་བེད་སྤྱོད་གཞི་གཅིག་ཏུ་འབྲེལ་སྤེལ་ཚོད་ལྟ་བྱས་ནས་ཚན་རྩལ་གྲུབ་འབྲས་སྔ་ལས་མང་པོ་ཚོད་ལྟ་ཁང་ནས་ཞིང་ནང་བསྐྱོད་ནས། ཞིང་ལས་དེང་རབས་ཅན་ཇེ་མགྱོགས་སུ་གཏང་རྒྱུ་རེད།


  • 顶