ཨ་རི་ནས་རྒྱལ་ཁབ་འདིའི་གསེར་ཏུན་1200ཕྱིར་འཐེན་བྱ་རྒྱུ་རེད།

2025-04-09
313

  ལོ་བཅུའི་རིང་ལ་འཇར་མན་གྱིས་ཨ་རིའི་མཉམ་འབྲེལ་གསོག་འཇོག་དངུལ་ཁང་གི་འགན་བཅོལ་མཛོད་ཁང་དུ་གསེར་ཏུན་1200གསོག་འཇོག་བྱས་ཡོད། ད་ལྟ་རིན་གོང་སྤྱིའི་རིན་ཐང་ཡོ་སྒོར་དུང་ཕྱུར་སྟོང་ཕྲག་ལས་བརྒལ་ཡོད། འཇར་མན་དང་དབྱིན་ཇི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་དུ་ཉེ་ཆར་གནས་འཕྲིན་སྤེལ་བར་གཞིགས་ན། སྐབས་འདིའི་ཨ་རིའི་སྲིད་གཞུང་གི་དཔལ་འབྱོར་སྲིད་ཇུས་གཏན་འཇགས་མིན་པའི་དབང་གིས་འཇར་མན་གྱིས་ཨ་རི་ནས་གསེར་ཕྱིར་འཐེན་བྱ་རྒྱུའི་བསམ་གཞིགས་བྱེད་བཞིན་ཡོད།图片

  གནས་འཕྲིན་སྤེལ་བར་གཞིགས་ན། འཛམ་གླིང་དམག་ཆེན་ཐེངས་གཉིས་པའི་རྗེས་སུ་བཙུགས་པའི་དངུལ་ལོར་མ་ལག་འོག འཇར་མན་གྱིས་ཡུན་རིང་ཕྱིར་གཏོང་ཁེ་ལྷག་ལ་བརྟེན་ནས་གསེར་འབོར་ཆེན་གསོག་འཇོག་བྱས་པ་དང་། གསོག་འཇོག་བྱེད་ཚད་འཛམ་གླིང་གི་ཨང་གཉིས་པ་ཟིན། ད་ལྟ་གཞུང་ཕྱོགས་ཀྱི་གསེར་གསོག་ཚད་ནི་ཏུན་3352ཡིན་པ་དང་། དེའི་ནང་ཧ་ལམ་ཏུན་1236ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་དངུལ་ཁང་དུ་བཅོལ་ཡོད།


  • 顶