ཁྲུའུ་ཀྲང་གཞོན་པ་འདི་ལ་བརྟག་དཔྱད་བྱས་འདུག

2025-04-08
392

图片

ཚེས་4ཉིན་གྱི་དགོང་མོ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་ཀྲུང་དབྱང་དྲིལ་བསྒྲགས་ཨུ་ལྷན་དུ་བཅའ་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོགས་ཆུང་དང་ཨན་ཧུའེ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་ཞིབ་ཨུ་ལྷན་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཞབས་བྲོ་སྒྱུ་རྩལ་ལྟེ་གནས་སྒྱུ་རྩལ་སྤེལ་རེས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝེ་ལིར་སྒྲིག་ཁྲིམས་དང་ཁྲིམས་འགལ་ཚབས་ཆེན་གྱི་དོགས་པ་ཡོད་པས། ད་ཆ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་ཀྲུང་དབྱང་དྲིལ་བསྒྲགས་ཨུ་ལྷན་དུ་བཅའ་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོགས་ཆུང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • 顶