ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་རང་རྒྱལ་གྱི་ཏིའོ་ཡུས་ཏའོ་གླིང་ཕྲན་གྱི་མཚོ་ཁོངས་སུ་བསྐོར་ཞིབ་བྱས།

2025-04-07
462


图片

   ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་ཆ་འཕྲིན་ལྟར་ན། ཟླ་བ་བཞི་པའི་ཚེས་བདུན་ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པའི་2303རྟགས་ཅན་གྱི་དམག་གྲུའི་རུ་ཁག་གིས་རང་རྒྱལ་གྱི་ཏིའོ་ཡུས་ཏའོ་གླིང་ཕྲན་གྱི་མཚོ་ཁོངས་སུ་བསྐོར་ཞིབ་བྱས། འདི་ནི་ཀྲུང་གོའི་ཉེན་རྟོག་པས་ཁྲིམས་ལྟར་སྤེལ་པའི་ཁེ་དབང་སྲུང་སྐྱོང་གི་བསྐོར་ཞིབ་བྱེད་སྒོ་ཐེངས་ཤིག་རེད། 

 ཟླ་བ་བཞི་པའི་ཚེས་དྲུག་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཙམ་ལ། ཀྲུང་གོའི་ཉེན་རྟོག་པས་ཆ་འཕྲིན་སྤེལ་ནས།  ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ལིའུ་ཏེ་ཅུན་གྱིས་ཟླ་བ་བཞི་པའི་ཚེས་ལྔ་ཉིན་ནས་ཚེས་དྲུག་ཉིན་གྱི་བར། འཇར་པན་གྱི་ཧོ་ཝན་རྟགས་ཅན་གྱི་ཉ་གྲུ་ཁྲིམས་འགལ་གྱིས་རང་རྒྱལ་གྱི་ཏིའོ་ཡུས་ཏའོ་གླིང་ཕྲན་གྱི་མཚོ་ཁོངས་སུ་སླེབས་པས། ཀྲུང་གོའི་ཉེན་རྟོག་པའི་དམག་གྲུས་ཁྲིམས་ལྟར་དེར་དགོས་ངེས་ཀྱི་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱས་པ་མ་ཟད་ཉེན་བརྡ་བཏང་ནས་ཕྱིར་སྐྲོད་བྱས།     ཏིའོ་ཡུས་ཏའོ་གླིང་ཕྲན་དང་དེ་མིན་དེའི་ཁོངས་གཏོགས་ཀྱི་གླིང་ཕྲན་ནི་ཀྲུང་གོའི་སྔར་ཡོད་མངའ་ཁོངས་ཡིན་པས། འཇར་པན་གྱིས་མྱུར་དུ་མཚོ་ཁོངས་འདི་རུ་ཁྲིམས་འགལ་གྱི་བྱེད་སྒོ་ཡོད་ཚད་སྤེལ་མཚམས་འཇོག་དགོས། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་རྒྱུན་མཐུད་ནས་ཏིའོ་ཡུས་ཏའོ་གླིང་ཕྲན་གྱི་མཚོ་ཁོངས་སུ་ཁེ་དབང་སྲུང་སྐྱོང་གི་ཁྲིམས་འཛིན་བྱེད་སྒོ་སྤེལ་ནས། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་། རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།


ཡོང་ཁུངས། པེ་ཅིན་ཉིན་རེའི་ཚགས་པར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།





  • 顶