ས་གནས་ཁག་གིས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་བཏང་།

2025-04-07
359


图片


  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཟླ་བཞི་པའི་ཚེས་གསུམ་ཉིན། རྒྱལ་ཡོངས་ཞིང་ཆེན་ཁག་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་གནས་ཚུལ་(2025ལོའི་ཟླ་4པའི་ཚེས་1ཉིན་བར)ཁྱབ་བསྒྲགས་བྱས་པ་རེད། གཞི་གྲངས་ལྟར་ན། མིག་སྔར་ཞིང་ཆེན་21གི་རིམ་པ་དང་པོའི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་སྒོར་2100དང་དེའི་ཡན་ཡིན་པ་དང་། ཞིང་ཆེན་8ཀྱི་རིམ་པ་དང་པོའི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་སྒོར་2300ལས་བརྒལ་ཡོད་པ་རེད།图片 ད་ལོ་ནས་བཟུང་། ཞིང་ཆེན་མང་པོ་ཞིག་གིས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་བཏང་ཡོད། ཟླ་བཞི་པའི་ཚེས་གཅིག་ཉིན་ནས་བཟུང་། ཧྥུའུ་ཅན་ཞིང་ཆེན་གྱིས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་བཏང་བ་དང་། ད་ཐེངས་ལེགས་སྒྲིག་བྱས་རྗེས་རིམ་པ་བཞི་སོར་འཇོག་བྱས་པ་སྟེ། ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་སྒོར་2265དང་། སྒོར་ 2195། སྒོར་ 2045། སྒོར་1895བཅས་ཡིན་པ་དང་། ཉིན་ཧྲིལ་པོའི་ལམ་ལུགས་མིན་པའི་ལས་བཟོའི་ཆུ་ཚོད་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་སྒོར་23.5དང་སྒོར་23། སྒོར་21.5། སྒོར་20བཅས་ཡིན་པ་རེད།

  ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་། ཀོང་ཏུང་གིས་ཞིང་ཆེན་དེའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ལས་ཞུགས་ངལ་རྩོལ་པའི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དང་། ཉིན་ཧྲིལ་པོའི་ལམ་ལུགས་མིན་པའི་ཆུ་ཚོད་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་དང་མཐོ་རུ་བཏང་། ཐེངས་འདིར་ལེགས་སྒྲིག་བྱེད་སྐབས་སྔར་བཞིན་ཚད་གཞི་རིམ་པ་བཞི་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། དེའི་ནང་ཀོང་ཀྲོའུ་དང་ཧྲེན་ཀྲེན་གྱིས་རིམ་པ་དང་པོ་ལག་བསྟར་བྱེད་པ་དང་། ཀོང་ཀྲོའུ་གྲོང་ཁྱེར་གྱིས་ཟླ་རེར་སྒོར་2500དང་། ཧྲེན་ཀྲེན་གྲོང་ཁྱེར་གྱིས་ཟླ་རེར་སྒོར་2520བཅས་སུ་ལེགས་སྒྲིག་བྱས་ཡོད། གྲོང་ཁྱེར་གཉིས་ཀྱི་ལྟོས་ཟླའི་ཉིན་ཧྲིལ་པོའི་ལམ་ལུགས་མིན་པའི་ཆུ་ཚོད་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ཚང་མ་ཆུ་ཚོད་རེར་སྒོར་23.7ཡིན་པ་རེད།

  ཟླ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་། ཀུའེ་ཀྲོའུ་ཡིས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱས་ཏེ་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་རིམ་པ་དང་པོ་སྒོར་2130དང་། རིམ་པ་གཉིས་པ་སྒོར་1980། རིམ་པ་གསུམ་པ་སྒོར་1890བཅས་སུ་ལེགས་སྒྲིག་བྱས་པ་རེད། དུས་མཚུངས་སུ་ཆུ་ཚོད་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་དང་བསྟུན་ནས་མཐོ་རུ་བཏང་སྟེ། ཉིན་ཧྲིལ་པོའི་ལམ་ལུགས་མིན་པའི་ལས་བཟོ་པའི་ཆུ་ཚོད་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་རིམ་པ་དང་པོ་སྒོར་22.4དང་། རིམ་པ་གཉིས་པ་སྒོར་20.8། རིམ་པ་གསུམ་པ་སྒོར་19.8བཅས་ཡིན།

  སི་ཁྲོན་དང་ཁྲུང་ཆིང་། ཞིན་ཅང་། ཧྲན་ཞི་བཅས་ཀྱིས་ཀྱང་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱས་ཡོད་པ་དང་། ལེགས་སྒྲིག་བྱས་རྗེས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་2025ལོའི་ཟླ་1པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཡོད་པ་རེད།


ཡོང་ཁུངས། མི་དམངས་དྲ་བ།

རྩོམ་སྒྲིག་པ།  ལྷ་མོ་བཀྲ་ཤིས།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། བཀྲ་ཤིས་ཉི་མ།



  • 顶