ཧན་ཀྲིན་གྱིས་སིང་ཀ་ཕོར་ཀྱི་ཙུང་ལི་གཞོན་པ་ཝང་རུའེ་ཅེ་ལ་ཐུག་འཕྲད་གནང་།

2025-03-28
436

ཟླ3པའི་ཚེས26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་སིང་ཀ་ཕོར་ཀྱི་ཙུང་ལི་གཞོན་པ་ཝང་རུའེ་ཅེ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་སིང་ཀ་ཕོར་ཀྱི་ཙུང་ལི་གཞོན་པ་ཝང་རུའེ་ཅེ་ལ་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་བརྟན་རླིང་ངང་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སིང་ཀ་ཕོར་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་རབ་དང་རིམ་པ་ཡིས་དུས་མཚམས་རྗེས་མའི་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོའི་འཕེལ་རྒྱས་ནི་བཅོས་སྒྱུར་སྒོ་འབྱེད་ལས་བྱུང་བ་དང་མ་འོངས་པར་བློ་བརྟན་འགྱུར་མེད་ངང་མུ་མཐུད་དུ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་གཞོལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར35ལོན་པ་གོ་སྐབས་སུ་བརྩིས་ནས་ཕྱོགས་གཉིས་མཉམ་ལས་ཀྱི་ལམ་སྲོལ་བྱེད་ནུས་མུ་མཐུད་དུ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་སིང་ག་ཕོར་གྱི་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་ཟླའི་འབྲེལ་བར་སྔར་ལས་ཆེ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།

ཝང་རུའེ་ཅེ་ཡིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་གནང་ནས། མིག་སྔའི་དུས་བབ་འོག ཕྱོགས་སོ་སོས་སྒོ་འབྱེད་མཉམ་ལས་སྔར་བས་རྒྱུན་འཁྱོངས་བྱས་ནས། ཕྱོགས་མང་ལམ་སྲོལ་ལ་སྲུང་སྐྱོང་བྱེད་དགོས། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གོ་རིམ་ནང་མུ་མཐུད་དུ་ཧུར་ཐག་གིས་ཞུགས་འདོད་ཡོད་པ་དང་། མ་འོངས་པར་སིང་ག་ཕོར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད། །


  • 顶