ཞི་ཅིན་ཕིང་གིས་ཡུན་ནན་ལི་ཅང་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ།

2025-03-21
422

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་དུ་ཕེབས་ནས་སྔ་རྗེས་སུ་ལི་ཅང་དེང་རབས་མེ་ཏོག་ཐོན་ལས་གླིང་དང་ལི་ཅང་གནའ་མཁར་དུ་རྟོག་ཞིབ་གནང་ནས། ས་གནས་དེས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་དང་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།


  • 顶