ད་ལོར་རང་རྒྱལ་གྱིས་འབྲུ་རིགས་དང་སྲན་ཆེན་ཐད་ཀྱི་སྲིད་ཇུས་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱུ་རེད།

2025-03-20
263

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཞིང་ལས་གྲོང་གསེབ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོ་རྒྱལ་ཁབ་ཀྱིས་རྨོ་ཞིང་ས་ཞིང་སྲུང་སྐྱོང་ཁ་གསབ་དང་འབྲས་རིགས་ཁ་གསབ། དེ་མིན་བྱང་ཤར་གྱི་མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་བྱེད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་པ་དང་། འབྲུ་སྣུམ་འདེབས་འཛུགས་ཆེད་དོན་དངུལ་བུན་སྐྱེད་ཀ་ཁ་གསབ་ཚོད་ལྟ་དང་བྱང་ཤར་གྱི་སྲན་ཆེན་ས་བོན་ཐུམ་སྒྲིལ་ཁ་གསབ་ལག་བསྟར་བྱེད་མགོ་བརྩམས་ཤིང་། འབྲུ་རིགས་དང་སྲན་ཆེན་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སྡེབ་སྒྲིག་བྱས་ཏེ། བྱེད་ཐབས་གང་མང་སྤྱད་དེ་ཞིང་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་ཏེ། སྲན་ཆེན་འདེབས་འཛུགས་རྒྱ་ཆེར་གཏོང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་དུང་ཕྱུར1.4ཡས་མས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་སྲིད་ཇུས་ཀྱི་འགན་སྲུང་མཁོ་འདོན་བྱས།

དཔྱིད་མགོ་ཚུགས་པ་ནས་བཟུང་རང་རྒྱལ་གྱི་དཔྱིད་འདེབས་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད། དུས་ཡུན་དེ་ནི་ད་ལོའི་དཔྱིད་འདེབས་འབྲུ་རིགས་རྒྱ་ཁྱོན་དོན་འཁྱོལ་དང་འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་གནད་འགག་གི་དུས་སྐབས་ཡིན། ཞིང་ལས་གྲོང་གསེབ་པུའུ་ཡིས་ས་གནས་སོ་སོར་ཞིང་ལས་སྟོབས་ལྡན་དང་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་དོན་འཁྱོལ་བྱེད་པར་མཛུབ་སྟོན་བྱས་ཏེ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་སྟེང་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་པས་འབྲུ་རིགས་འདེབས་ནས་གཞི་རྩའི་ཁེ་ཕན་ཐོབ་པར་འགན་ལེན་བྱས་ཏེ། ཞིང་པའི་འབྲུ་རིགས་བཏབ་ནས་ཞིང་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱ་རྒྱུ་རེད། དེ་དང་ཆབས་ཅིག་རྨོ་འདེབས་དོ་དམ་དང་བསྡུ་ལེན་སོགས་གནད་འགག་གོ་རིམ་ལ་དམིགས་ནས། ཆེད་མཁས་པའི་མཛུབ་ཁྲིད་ཚོགས་ཆུང་དང་། ཐོན་ལས་ཆེད་མཁས་པའི་ཞབས་ཞུའི་ཚོགས་པ། ཚན་རྩལ་ཡན་ལག་རུ་ཁག་བཅས་རྩ་འཛུགས་བྱས་ཏེ། རིམ་པ་སོ་སོའི་ལག་རྩལ་གསོ་སྦྱོང་བྱས་ནས་ནུས་ཤུགས་ཡོད་རྒུས་ལོ་ལེགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་རེད། །


  • 顶