ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁང་སི་ཐན་ཏིན་ནུའོ་སི་ཐཱ་སུའུ་ལ་སི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཁོ་རང་ཀེ་རི་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བསྐོས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཀེ་རི་སེ་ལ་ཡུན་རིང་གི་ལོ་རྒྱུས་དང་འོང་སྟོང་འཕྲོ་བའི་རིག་གནས་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་བར་མ་ཟད། ཕུན་ཚུན་ནི་རྒྱུས་མངའ་ཟབ་མོ་ཡོད་པ་དང་གཉིས་ཕན་མཉམ་རྒྱལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཡིན། ཉེ་བའི་ལོ་འགའི་རིང་། ཕྱོགས་གཉིས་ཀྱིས་པི་ལེ་ཨའེ་ཧྥུའུ་སི་གྲུ་ཁའི་རྣམ་གྲངས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ།"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་གྱི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཀྲུང་གོ་དང་ཀེ་རི་སེའི་དཔལ་ཡོན་དཔྱད་གཞི་ལྟེ་གནས་དང་ཡ་ཏན་ཀྲུང་གོའི་གནའ་བའི་ཤེས་རིག་ཞིབ་འཇུག་ཁང་མཉམ་ལས་སྒོས་འཛུགས་སྐྲུན་བྱས་ཏེ། གནའ་བོའི་ཤེས་རིག་རྒྱལ་ཁབ་གཉིས་ཀྱི་མཐུན་པའི་མཛེས་པ་དང་དུས་རབས་ཀྱི་ཁག་ཁུར་མངོན་པར་མཚོན་ཡོད།
ཞི་ཅིན་ཕིང་གིས་གྱིས་བསྟན་དོན། མིག་སྔའི་འཛམ་གླིང་གི་ལོ་ངོའི་བརྒྱའི་རིང་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་མྱུར་ཚད་ཇེ་མགྱོགས་སུ་གྱུར་བ་དང་། རྒྱལ་ཁབ་སོ་སོ་བདེ་སྡུག་མཉམ་མྱོང་དང་ལས་དབང་མཉམ་གནས་ཡིན། མཉམ་ལས་མཉམ་རྒྱལ་ནི་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བའི་ངེས་པར་དུ་བརྒྱུད་དགོས་པའི་བགྲོད་ལམ་ཡིན། ངས་ཀྲུང་གོ་དང་ཀེ་རི་སེའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་གནང་བཞིན་ཡོད་ཅིང་། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྲོལ་རྒྱུན་གྱི་མཛའ་བརྩེ་མུ་མཐུད་དུ་རྒྱུན་འཛིན་བྱེད་པ་དང་། གཉིས་ཕན་མཉམ་ལས་དང་ཤེས་རིག་བརྗེ་རེས་ཀྱི་འབྲེལ་ཐགས་ཇེ་དམ་དུ་བཏང་ནས། ཀྲུང་གོ་དང་ཀེ་རི་སེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་རྒྱུན་མཐུད་ངང་བདེ་ཐང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་དར་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་བྱས་རྗེས་སུ་འཇོག་འདོད་ཡོད། །
འཕྲིན་སྟེགས། weikangba