ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་དྲིལ་སྒྲོག་ཁྲོད་ཞུགས་པའི་གསར་འགྱུར་ལས་དོན་པའི་འཐུས་མིར་འཚམས་འདྲི་གནང་བ།

2025-03-12
476

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་དྲིལ་སྒྲོག་གསར་འགོད་ནང་ཞུགས་པའི་གསར་འགྱུར་ལས་དོན་པའི་འཐུས་མིར་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚབ་ཞུས་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།

ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་དྲིལ་བསྒྲགས་གསར་འགོད་ནང་ཞུགས་པའི་གསར་འགྱུར་ལས་དོན་པའི་འཐུས་མིར་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚབ་ཞུས་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།

མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་། འོད་གསལ་ཉིན་རེའི་ཚགས་པར་ཁང་། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་། ཀྲུང་གོའི་ཉིན་རེའི་ཚགས་པར་ཁང་། མི་དམངས་སྲིད་གྲོས་ཚགས་པར་ཁང་། ཀྲུང་གོ་གསར་འགྱུར་གསར་འགྱུར་ཁང་སོགས་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོ་དང་དེ་བཞིན་ཀྲུང་གོ་སྲིད་གྲོས་དུས་དེབ་ཚགས་པར་ཁང་གི་འགན་འཁུར་བློ་མཐུན་དང་ཚོགས་ཆེན་ཐོག་གནས་ཚུལ་སྤེལ་བར་ཞུགས་པའི་གསར་འགོད་པ་དང་རྩོམ་སྒྲིག་པའི་འཐུས་མི་འཚམས་འདྲི་བྱེད་སྒོར་ཞུགས་ནས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་སྒྲོག་གནས་ཚུལ་ངོ་སྤྲོད་བྱས།

ཝང་ཧུའུ་ཉིང་གིས་བསྟན་དོན། ད་ཐེངས་ཀྱི་ཚོགས་ཆེན་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་ལ་ཐུག་ཡོད་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ཡང་མཚོན་ཞིང་། དུས་མཚུངས་སུ་གསར་འགྱུར་སྡེ་ཚན་དང་གསར་འགྱུར་ལས་དོན་པས་དཀའ་སྤྱད་འབད་བརྩོན་བྱས་པར་ཡང་ཁ་འབྲལ་ཐབས་མེད།

ཝང་ཧུའུ་ཉིང་གིས་བསྟན་དོན། ཚོགས་ཆེན་རིང་གསར་འགྱུར་ལས་ཁུངས་ཀྱིས་ཕྱོགས་ཡོངས་དང་ཟུར་མང་པོའི་ཐོག་ཚོགས་འདུའི་གཟབ་རྒྱས་ཀྱི་རྣམ་པ་མངོན་པར་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་ཡིད་ཆེས་བརྒྱུད་སྤྲོད་བྱས་ཡོད། ཀྲུང་དབྱང་གསར་འགྱུར་ལས་ཁུངས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་མུ་མཐུད་དོ་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་དྲིལ་སྒྲོག་ཡག་པོ་བྱེད་པ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་འགན་འཁྲི་བསྒྲུབ་པ་དང་འགན་འཁྲི་འཁུར་བ་དྲིལ་སྒྲོག་ཡག་པོ་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གཏམ་རྒྱུད་དང་མི་དམངས་སྲིད་གྲོས་ཀྱི་གཏམ་རྒྱུད་ཡག་པོར་བཤད་པའི་རེ་བ་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ཝང་ཏུང་ཧྥིན་བཅས་ཀྱིས་མཉམ་དུ་འཚམས་འདྲི་གནང་། །


  • 顶