ཧན་ཀྲིན་ཧྲན་ཏུང་འཐུས་ཚབ་འཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་པ།

2025-03-07
253

ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཁོང་རང་ཉིད་ཡོད་སའི་ཧྲན་ཏུང་འཐུས་ཚབ་ཚོགས་པའི་འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས5ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་ཧྲན་ཏུང་འཐུས་ཚབ་ཚོགས་པའི་འཐུས་མི་རྣམས་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། འཐུས་མི་ཝང་ཀྲི་ཝེ་དང་ཀྲང་ཡོན་མིང་། ཀྲིན་སི་མིན་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཧན་ཀྲིན་གྱིས་ནན་ཏན་གྱིས་ཉན་པ་དང་མཉམ་དུ་གྲོས་བསྡུས་བྱས་པས་ཡུལ་དངོས་ཀྱི་རྣམ་པར་གསོན་ཤུགས་ཀྱིས་ཁེངས་ཡོད།

འཐུས་མིའི་གཏམ་བཤད་ལ་ཉན་རྗེས་ཧན་ཀྲིན་གྱིས་བཤད་རྒྱུར། ཙུང་ལི་ལི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ཡིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱི་དགོངས་གཞི་རྒྱུན་འཁྱོངས་བྱས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག ཁྱོན་ཡོངས་ངང་ལག་བསྟར་བྱས་པས། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་དངོས་བརྩོན་དོན་གཉེར་གྱི་སྙན་ཞུ་བཟང་བོ་ཞིག་ཡིན་པས་ང་རང་སྙན་ཞུ་འདིར་མོས་མཐུན་ཆེན་པོ་བྱུང་བ་ཡིན།

ཧན་ཀྲིན་གྱིས་བསྟན་དོན། 2024ལོ་ནི་ཕྱི་ཡི་གནོན་ཤུགས་ཇེ་ཆེར་བཏང་བ་དང་ནང་ཁུལ་གྱི་དཀའ་ཁག་ཇེ་ཆེར་སོང་བའི་རྙོག་འཛིང་དང་ཛ་དྲག་གི་གནས་བབ་ལ་གདོང་གཏད་པའི་ལོ་ཞིག་ཡིན་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་གྱིས་སྣེ་ཁྲིད་དེ་བབ་བརྟན་དང་ཕྱོགས་བསྡུས་ངང་སྲིད་ཇུས་ལག་བསྟར་བྱས་པས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་གཏན་འཇགས་ཡིན་པ་དང་། བརྟན་ཐོག་ཡར་འཕེལ་བྱུང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱུང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཏན་ཏིག་གིས་སྤེལ་ཏེ་རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་རྒྱུན་མཐུད་ངང་ཇེ་ཆེར་གྱུར་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་སྲ་ཞིང་བརྟན་པའི་གོམ་པ་གསར་པ་སྤོས། གྲུབ་འབྲས་དེ་དག་ལེན་རྒྱུ་སླ་མོ་ཞིག་ཡེ་ནས་མིན་ཏེ། དེའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་ལ་རེག་ལས་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིད་སྟོན་བྱེད་བཞིན་ཡོད།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནིལོ་ལྔའི་འཆར་གཞི་བཅུ་བཞི་པའིའཆར་འགོད་མཇུག་བགྲིལ་བའི་ལོ་དང་། སྔར་བས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པས། གཏན་འཁེལ་གཉིསཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲུང་སྐྱོང་གཉིསབློ་བརྟན་འགྱུར་མེད་ངང་ལེགས་པོར་བསྒྲུབས་ནས་བསམ་བློ་དང་འགུལ་སྐྱོད་གཉིས་ཀ་ཏང་ཀྲུང་དབྱང་གིས་གནས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པའི་འཐབ་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས། ལས་དོན་སོ་སོ་དམ་འཛིན་ལེགས་པོ་བྱས་ནས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཧུར་ཐག་གིས་ལེགས་པོར་བསྒྲུབ་དགོས། སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོའི་བར་གྱི་འབྲེལ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་བསྐྱེད་དེ། ནང་མཁོ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་བྱེད་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས་ནས་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། སྔར་བས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་ལག་ལེན་བསྟར་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་བདེན་ལུགས་ཀྱི་མཐོ་ཚད་འཛིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཕྱི་ཕྱོགས་ཁོར་ཡུག་སྔར་བས་ཇེ་བཟང་དུ་གཏོང་དགོས།

ཧན་ཀྲིན་གྱིས་ཧྲན་ཏུང་གིས་ཕྱོགས་སོ་སོའི་ལས་དོན་ཐད་བླངས་པའི་གྲུབ་འབྲས་གསར་བར་ཁས་ལེན་གང་ལེགས་གནང་བ་དང་། ཧྲན་ཏུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། མདུན་ནས་སྐྱོད་པ་དང་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་བ་རྒྱུན་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། འཕེལ་རྒྱས་གཏོང་ཐབས་ལྗང་མདོག་ཅན་དང་ཐཱན་དམའ་ཅན་དུ་བསྒྱུར་བར་སྟོབས་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཐད་ནས་མདུན་སྐྱོད་བརྩོན་ལེན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧྲན་ཏུང་གི་ལེའུ་ཧུར་ཐག་གིས་བྲི་དགོས་པའི་རེ་འདུན་བཏོན། །


  • 顶