དེང་རབས་ཅན་ལ་དམིགས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་གཏོང་།

2025-02-12
339

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དངོས་གཉེར་དཔལ་འབྱོར་དང་ཨང་ཀིའི་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་གང་ཐུབ་དང་། ཆ་འཕྲིན་ཅན་གྱིས་སྒུལ་ནུས་གསར་པ་གསོ་སྐྱོང་དང་། སྒུལ་ནུས་གསར་པས་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད། མིག་སྔར། ས་གནས་སོ་སོས་ས་གནས་ཀྱི་ཁྱད་ཆོས་དང་ཁྱད་ལྡན་ལེགས་ཆ་ལ་བརྟེན་ནས། དངོས་གཉེར་དཔལ་འབྱོར་དང་ཨང་ཀིའི་དཔལ་འབྱོར་མཐུན་སྦྱོར་ཟབ་སྤེལ་བཏང་ནས། གསར་དར་བཟོ་ལས་ཅན་འཛུགས་སྐྲུན་ལ་ནུས་པ་འདོན་བཞིན་ཡོད།

  དཔྱིད་གསར་གུང་གསེང་འདས་མ་ཐག་ལ། ས་གནས་སོ་སོའི་དངོས་གཉེར་དཔལ་འབྱོར་དང་ཨང་ཀིའི་དཔལ་འབྱོར་མཐུན་སྦྱོར་ལས་གཞི་གསར་པ་ཚ་ཚ་འུར་འུར་ངང་ལས་འགོ་བཙུགས་པ་རེད།

  ཁེ་ལས་མ་དཔེ་ཆེ་གྲས་ཆེས་མང་བའི་པེ་ཅིང་དུ། བཟོ་བསྐྲུན་ལས་རིགས་ཀྱི་ཁེ་ལས་བཞི་བརྒྱ་ཡིས་ཨང་ཀི་ཅན་གྱི་བཅོས་བསྒྱུར་སྤེལ་འགོ་བརྩམས་ཡོད། ད་ལོར། པེ་ཅིང་གིས་རླངས་འཁོར་དང་རྒྱུ་ཆ་གསར་པ་སོགས་ཁྱབ་ཁོངས་གཙོ་བོ་བཅུའི་མ་དཔེ་ཆེ་གྲས་བེད་སྤྱོད་གང་ཐུབ་བྱེད་རྒྱུ་རེད།

  གྲོང་ཁྱེར་བཅོས་སྐྱོང་ཆུ་ཚད་སྔོན་དུ་ཚུད་པའི་ཧྲང་ཧའེ་རུ། རྟོག་བཟོའི་གྲོང་ཁྱེར་འཛུགས་སྐྲུན་འགོ་ཚུགས་མ་ཐག་ཡིན་ལ། ཁྱོན་ཡོངས་ནས་ཧྲང་ཧའེ་ཡི་དངོས་ཡོད་དངོས་ལུགས་ཁྱབ་ཁོངས་བསྐྱར་བཟོ་བྱས་ཏེ། ཆུ་བོ་དང་གཙང་པོ། གྲོང་གསེབ། ས་ངོས་འགྲིམ་འགྲུལ་དང་ས་འོག་སྦུག་ལམ་སོགས་ཡུལ་ལྗོངས་འདྲ་མི་འདྲ་ལས་ནས། དུས་ཐོག་ཏུ་གྲོང་ཁྱེར་འཁོར་རྒྱུག་གནས་ཚུལ་ལྟ་ཞིབ་བྱས་ཏེ་རིག་ནུས་སྔོན་དཔག་ཉེན་བརྡ་གཏོང་རྒྱུ་རེད།

  རྒྱལ་ཡོངས་སུ། གཅིག་གྱུར་ཅན་གྱི་རྩིས་རྒྱག་དྲ་རྒྱ་འཛུགས་གང་ཐུབ་བྱེད་ཅིང་། ཀྲའོ་ཝ་ཁྲི་ཅན་གྱི་འོད་ནུས་ཚོད་ལྟ་དངོས་སུ་སྤེལ་འགོ་བཙུགས་ནས། དངོས་གཉེར་དཔལ་འབྱོར་དང་ཨང་ཀིའི་དཔལ་འབྱོར་མཐུན་སྦྱོར་གྱི་རྨང་གཞི་མུ་མཐུད་དུ་ཇེ་བརྟན་བཏང་ཡོད། གཞི་གྲངས་ཆེས་གསར་པ་ལས་མངོན་པ་ལྟར་ན། མིག་སྔར། རང་རྒྱལ་གྱི་བརྡ་འཕྲིན་རབས་ལྔ་པའི་རྟེན་གཞི་གྲངས་འབོར་ས་ཡ་བཞི་འབུམ་གཉིས་སྟོང་ལྔ་ལས་བརྒལ་ཡོད། སྤོས་འཕྲིན་དངོས་ཟོག་འབྲེལ་དྲའི་སྦྲེལ་སྣེ་སྤྱོད་མཁན་དུད་ཁ་དུང་ཕྱུར་ཉེར་དྲུག་ལས་བརྒལ་ཡོད་ལ། ད་དུང་མི་མཐུད་དུ་མི་འབོར་ཇེ་མང་འགྲོ་བཞིན་ཡོད། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་བརྒྱ་ཆའི་ཞེ་གསུམ་ལ་ཟིན་པའི་སྒྲོན་སྟེགས་བཟོ་གྲྭ་བཙུགས་ཡོད་པ་དང་། ཐོན་ལས་ཨང་ཀི་ཅན་གྱིས་ཨང་ཀིའི་དཔལ་འབྱོར་གཞི་ཁྱོན་གྱི་བརྒྱ་ཆའི་གྱ་གཅིག་ཡན་ལ་ཟིན་ཡོད་པས། གསར་དར་བཟོ་ལས་ཅན་དེ་ཕྱོགས་ཡོངས་སུ་འཕེལ་རྒྱས་གང་ཐུབ་གཏོང་བཞིན་ཡོད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་གཉེར་དཔལ་འབྱོར་དང་ཨང་ཀིའི་དཔལ་འབྱོར་མཉམ་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུར་གཙིགས་མཐོང་བྱས་ནས། བརྗོད་པ་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འབྲེལ་དྲྭ་དང་གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་བཅས་དངོས་གཉེར་དཔལ་འབྱོར་དང་མཉམ་འདྲེས་ཟབ་མོ་ཡོང་བར་ཤུགས་བཏོན་ནས། མུ་མཐུད་དུ་ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་འདྲེས་ཟབ་མོ་ཡོང་བར་བྱ་བའི་ལས་དོན་མུ་མཐུད་དུ་ཡག་པོ་བསྒྲུབ་དགོས་ཞེས་གསུངས། ཁོང་གིས་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ནི་ཨང་ཀིའི་དཔལ་འབྱོར་དང་། ཐོན་ལས་ཆ་འཕྲིན་ཅན་འཕེལ་རྒྱས་གཏོང་རྒྱུ་སོགས་ཟུང་འབྲེལ་ཡག་པོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་དངོས་པོའི་ལག་རྩལ་གྱི་རྨང་གཞི་བརྟན་པོ་འཛུགས་དགོས་ཞེས་ནན་གསུངས་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱིས་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་གཏོང་བའི་ལམ་ལུགས་ནང་རྐྱེན་བཀོད་སྒྲིག་དང་དེ་ལ་ཤུགས་འདོན་སྐབས། དངོས་གཉེར་དཔལ་འབྱོར་དང་ཨང་ཀིའི་དཔལ་འབྱོར་ཟུང་འབྲེལ་བྱ་རྒྱུ་དེ། བཟོ་ལས་ཅན་གསར་བ་དང་དངོས་གཉེར་དཔལ་འབྱོར། ཨང་ཀིའི་དཔལ་འབྱོར་སོགས་ནང་དོན་གྱི་གལ་ཆེ་ཤོས་སུ་བཞག་ནས། བཅོས་བསྒྱུར་གྱི་ལས་འགན་གལ་ཆེན་དུ་གྱུར་ཡོད།

  དམིགས་འབེན་ལ་གཞིགས་ནས་བཅོས་བསྒྱུར་ཇེ་མགྱོགས་གཏོང་བཞིན་མཆིས། མི་འགྱངས་པའི་སྔོན་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཨང་ཀི་ཅན་ལ་ལུགས་བསྒྱུར་གཏོང་རྒྱུར་དམིགས་པའི་ཐབས་ཇུས་རབ་དང་རིམ་པ་ལག་བསྟར་བྱེད་པ་དང་། རིགས་སྣ་མི་འདྲ་བའི་ཁེ་ལས་ཀྱི་དམིགས་བསལ་དགོས་མཁོ་ལ་དམིགས་ཏེ། ཁེ་ལས་ཀྱི་ཨང་ཀི་ཅན་གྱི་རྨང་གཞི་དང་། ཁེ་ལས་ཀྱི་གཞི་ཁྱོན། གཙོ་གཉེར་ལས་སྒོ་སོགས་དངོས་ཡོད་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ། ཁྱད་པར་ཅན་གྱི་ལུགས་བསྒྱུར་ལག་བསྟར་འཆར་གཞི་གྲུབ་ཡོད། ཁྱད་པར་དུ་ཁེ་ལས་ཆུང་འབྲིང་ལ་དམིགས་ཏེ། སྡེ་ཁག་བཞིས་མཉམ་འབྲེལ་དུ་ཁེ་ལས་ཆུང་འབྲིང་གི་ཨང་ཀི་ཅན་གྱི་ནུས་འདོན་ཆེད་དོན་ལག་བསྟར་འཆར་ཟིན་གྱི་པར་གཞི་གསར་པ་འགྲེམ་སྤེལ་བྱས་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་རྒྱུར། དེའི་ནང་ནས་འགྱུར་ལྡོག་ཆེ་ཤོས་དེ་གཞི་རྩའི་ཉེར་སྤྱོད་བྱ་ཡུལ་སྔར་བས་དམིགས་སུ་འཛིན་པ་དང་། དེའི་ནང་ཐོན་སྐྱེད་དང་ཕྱིར་འཚོང་། ཟོག་འདྲེན་སོགས་ལས་ཀའི་རིམ་པ་ཁག་འདུས་ཡོད་པར་མ་ཟད། དེ་འབྲེལ་གྱི་བྱ་དགའི་ཚད་གཞིའང་བཏོན་ཡོད།

  མིག་སྔར། རང་རྒྱལ་གྱིས་ཁེ་ལས་ཆུང་འབྲིང་ཁྲི་བཞི་ལྷག་ལ་དེ་འདྲའི་བསྒྱུར་བཀོད་ཆེན་པོ་བཟོ་རྒྱུ་ཇེ་མགྱོགས་གཏོང་བཞིན་ཡོད་ལ། ཉིས་སྟོང་ཉེར་བདུན་ལོར་སླེབས་དུས། ཁེ་ལས་ཆུང་འབྲིང་ཡོངས་དྲྭ་འབྲེལ་ཚད་བརྒྱ་ཆའི་བཞི་བཅུ་ལས་བརྒལ་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད། ཆེད་ལས་དང་ཕུལ་བྱུང་དམིགས་བསལ་གྱི་ཁེ་ལས་ཆུང་འབྲིང་གིས་བསྒྱུར་བཀོད་བྱེད་དགོས་ཚད་ཅིས་ནས་ཀྱང་བསྒྱུར་རྒྱུ་རེད།

  དངོས་གཉེར་དཔལ་འབྱོར་དང་ཨང་ཀིའི་དཔལ་འབྱོར་ཟུང་འདྲེས་མགྱོགས་སུ་གཏོང་དགོས་པར་མ་ཟད། གཞི་གྲངས་ཀྱི་རིན་ཐང་ཡག་པོ་བཏོན་ནས། གཞི་གྲངས་ཀྱི་ནུས་པ་ཡག་པོ་ཐོན་བཅུག་དགོས། ད་ལོར། རྒྱལ་ཁབ་ཀྱི་གཞི་གྲངས་རྨང་གཞི་སྒྲིག་ཆས་འཛུགས་སྐྱོང་མཛུབ་སྟོན་དངོས་སུ་ལག་བསྟར་བྱེད་དེ། རང་རྒྱལ་གྱིས་སྐོར་གསར་པའི་གཞི་གྲངས་གཙོར་བཟུང་པའི་ཨང་ཀིའི་རྨང་གཞི་སྒྲིག་ཆས་ལ་བཀོད་སྒྲིག་བྱེད་འགོ་བརྩམ། འབྲི་ཆུའི་ཟུར་གསུམ་ས་ཁུལ་དུ། ཉེ་ཆར་ཧྲང་ཧའེ་དང་སུའུ་ཀྲོའུ། ཀྲེ་ཅང་དང་ཨན་ཧུའེ་བཅས་ས་གནས་བཞི་ཡིས་ཞིང་ཆེན་རིམ་པའི་གཞི་གྲངས་དོ་བདག་པུའུ་དང་མཉམ་དུ་ལས་ཀའི་ཟིན་ཐོར་མིང་རྟགས་བཀོད་དེ། འབྲི་ཆུའི་ཟུར་གསུམ་གླིང་གི་གཞི་གྲངས་ཆེད་དོན་མཉམ་ལས་ནང་རྐྱེན་བཙུགས་པ་ཁྱབ་བསྒྲགས་བྱས་ཤིང་། ལས་རིགས་ཁག་དང་སྡེ་ཁག་ཁག ས་ཁོངས་ཁག་བར་གྱི་གཞི་གྲངས་དྲ་བ་མགྱོགས་སུ་བཙུགས་ནས། ཐོན་ལས་འཕེལ་རྒྱས་ལ་ཐོགས་པ་མེད་པའི་ཐར་ལམ་བསྐྲུན་ཡོད། ཀོང་ཏུང་དང་ཧྥུའུ་ཅན་སོགས་སུ། ཁེ་ལས་གཞི་གྲངས་རྒྱུ་ནོར་ཐོ་འགོད་མགྱོགས་སུ་བྱེད་བཞིན་ཡོད་པ་དང་། ཁེ་ལས་ཀྱི་འདས་པའི་ཐོན་རྫས་ཀྱི་བཟོ་དབྱིབས་དང་ཕྱིར་འཚོང་གཞི་གྲངས། སྐྱེལ་འདྲེན་ལམ་བུ་སོགས་ཀྱི་གཞི་གྲངས་ཐོན་ཁོངས་དེ་དག ཁེ་ལས་ཀྱི་རྒྱུ་ནོར་དངོས་སུ་བསྒྱུར་ཐུབ་ལ། དཔལ་འབྱོར་ཕན་འབྲས་ཇེ་མཐོར་གཏོང་བའི་དུས་མཚུངས་སུ། གཞི་གྲངས་དང་ཟུང་འབྲེལ་དང་མཉམ་སྤྱོད་བྱེད་ཆོག་པ་རེད།

  ད་ལོར། རང་རྒྱལ་གྱིས་གཞི་གྲངས་གྲུབ་ཆ་དང་བཟོ་ལས་བཟོ་སྐྲུན་ཟུང་འདྲེས་ལག་བསྟར་མགྱོགས་སུ་སྤེལ་ཏེ། ལས་རིགས་གཙོར་བཟུང་ནས་དངོས་གཉེར་དཔལ་འབྱོར་དང་ཨང་ཀིའི་དཔལ་འབྱོར་ཟུང་འདྲེས་བྱེད་པའི་དཔེ་མཚོན་ཅན་གྱི་ཡུལ་དངོས་བེད་སྤྱོད་བརྒྱ་དང་མཚོན་བྱེད་ཁེ་ལས་ཆིག་སྟོང་བཙུགས་ནས། ས་ཁོངས་བརྒལ་ནས་མཐུན་སྦྱོར་བཟོ་སྐྲུན་བྱེད་པ་ནས་ཐོན་ལས་མ་ལག་གི་གོང་འོག་ཞབས་ཞུ་ནུས་པ་སྦྲེལ་མཐུད་བྱེད་པར། ཁྱོན་ཡོངས་ནས་དངོས་གཉེར་དཔལ་འབྱོར་དང་ཨང་ཀིའི་དཔལ་འབྱོར་ཟུང་འདྲེས་ཟབ་མོ་བྱེད་པ་དང་། གསར་དར་བཟོ་ལས་ཅན་མགྱོགས་སུ་འཕེལ་རྒྱས་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་པར་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་འདིང་དགོས།


  • 顶