གསེར་གྱི་རྒྱན་ཆའི་རིགས་ཁེ་རེ་ལ་སྒོར་༨༧༠ཡན་རེད་འདུག

2025-02-12
494

  ༢༠༢༤ལོར་གསེར་གྱི་རིན་གོང་བརྒྱ་ཆ་༢༧ཡན་འཕར་རྗེས། ༢༠༢༥ལོར་རྒྱལ་ནང་གི་གསེར་གྱི་རིན་གོང་བསྟུད་མར་འཕར་ཡོད་པས་རིམ་བཞིན་ལོ་རྒྱུས་ཐོག་རིན་གོང་མཐོ་ཤོས་ཆགས་པ་རེད།

  ཟླ་༢པའི་ཚེས་༡༠ཉིན་ཀྲོའུ་ཏཱ་ཧྥུའུ་སོགས་ཟོང་རྟགས་ཅན་གྱི་གསེར་ཚོང་ཁང་གི་གསེར་གྱི་རྒྱན་ཆའི་རིགས་ཁེ་རེ་ལ་རིན་གོང་སྒོར་༨༧༣ལཟིན་ཡོད། དེ་ནི་ཟླ་༡ཚེས་༡ཉིན་ཁེ་རེར་སྒོར་༧༩༩ཡི་རིན་གོང་ལས་སྒོར་༧༤འཕར་བ་དང་། ད་ལོའི་ཚུན་གྱི་རིམ་རྩིས་འཕར་ཚད་བརྒྱ་ཆ་༩ལས་བརྒལ་ཡོད་པ་རེད།图片  ལོ་གསར་གནམ་གང་ཉིན་མོར་གསེར་གྱི་རྒྱན་ཆའི་རིན་གོང་སྔར་བཞིན་ཁེ་རེར་སྒོར་༨༣༠ཡིན་ཀྱང་། ལོ་གསར་རྗེས་ཀྱི་ཉིན་འགའི་ནང་ཁེ་རེར་སྒོར་༤༠ལྷག་ཙམ་འཕར་ཡོད། གསར་འགོད་པ་པེ་ཅིན་ཞི་ཏན་ཚོང་ཁང་གི་གསེར་ཚོང་ཁང་དུ་བཅར་འདྲིར་སྐྱོད་སྐབས། ཀྲོའུ་ཏཱ་ཧྥུའུ་ཚོང་ཁང་གི་ཚོང་པས་ད་ལོ་ནས་བཟུང་གསེར་གྱི་རིན་གོང་སྐབས་རེ་ཁེ་རེར་སྒོར་༡༠འཕར་གྱི་ཡོད་མོད། འོན་ཀྱང་སྔོན་ཆད་སྒོར་༥འཕར་ནའང་འཕར་ཚད་ཧ་ཅང་མཐོན་པོ་ཞིག་ཏུ་བརྩི་བཞིན་ཡོད་ཅེས་བཤད།图片

  ད་དུང་ཞའོ་ཧུང་ཧྲུའུ་ནས་བཙོངས་པའི་གཉེན་སྒྲིག་གི་གསེར་གྱི་ལག་གདུབ་ཁེ་༢༢.༨༡ཅན་ལྟ་བུ་ཞིག་ལ་དཔེ་བཞག་ནས་བཤད་ན། ཟླ་༡ཚེས་༡ཉིན་གྱི་རིན་གོང་ནི་ཁེ་རེར་སྒོར་༧༩༩ཡིན་ལ། བཟོ་རིན་ལ་སྒོར་༡༤༢༠ཡིན་པ་དང་། ཚོང་པས་གོང་བཅག་མ་བྱས་གོང་གི་རིན་གོང་བསྡོམས་པས་སྒོར་༡༩༦༤༥.༡༩རེད། ཟླ་༢ཚེས་༡༠ཉིན་གྱི་རིན་གོང་ནི་ཁེ་རེར་སྒོར་༨༧༣གྱུར་ཡོད་པ་མ་ཟད། དེའི་ཐོག་བཟོ་རིན་བསྣན་ན་ཚོང་པས་གོང་བཅག་མ་བྱས་གོང་གི་རིན་གོང་བསྡོམས་པས་སྒོར་༢༡༣༣༣.༡༣ལ་ཟིན་ཡོད། དེ་ནི་ལོ་མགོ་ལས་སྒོར་༡༧༠༠ཙམ་གྱིས་རིན་གོང་ཇེ་མཐོར་ཕྱིན་ཡོད་པ་རེད།


ཡོང་ཁུངས།  ཞིན་ཧྭ་གསར་འགྱུར་དྲ་བ།

རྩོམ་སྒྲིག་པ།  མཚོ་ལྷ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། བཀྲ་ཤིས་ཉི་མ།


  • 顶