སི་ཁྲོན་དབྱི་པིང་ཅུན་ལན་རྫོང་གི་རི་ཉིལ་སར་གནོད་སེལ་རྒུད་སྐྱོབ་དང་བཀོད་སྒྲིག་ལས་ཀ་མགྱོགས་མྱུར་སྤེལ་བཞིན་ཡོད།

2025-02-11
438

  སི་ཁྲོན་དབྱི་པིང་ཅུན་ལན་རྫོང་དུ་རི་ཉིལ་བའི་འཚོལ་སྐྱོབ་ལས་ཀ་མགྱོགས་པོར་སྤེལ་བཞིན་ཡོད། ཚེས་དགུ་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་པའི་བར།   ཐོག་མ་བརྟག་དཔྱད་ལྟར་ན་མ་མཐའ་ཡང་དུད་ཁྱིམ་བཅུའི་ཁང་པ་དང་ཐོན་སྐྱེད་འཁོར་ཁང་གཅིག་  ས་འོག་ཏུ་སྦས་ཤོར་ཡོད་ལ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བརྒྱད་གར་སོང་ཆ་མེད་དུ་གྱུར་ཞིང་མི་གཉིས་རྨས་ཡོད།

  ཚེས་དགུ་ཉིན། མྱུར་སྐྱོབ་ལས་ཀ་ཛ་དྲག་ངང་སྤེལ་བཞིན་ཡོད། མུ་མཐུད་དུ་རི་ཉིལ་བས། ཡུལ་དངོས་སུ་རྦབ་རྡོ་མི་ཆད་ལ། ཆར་བ་བབས་པས་འཚོལ་སྐྱོབ་ལས་ཀར་དཀའ་ལས་ཆེན་པོ་ཐུག་ཡོད། མིག་སྔར། ས་གནས་དེ་གས་གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་འཚོལ་སྐྱོབ་བྱེད་བཞིན་ཡོད་ལ། བབ་བསྟུན་མྱུར་སྐྱོབ་དང་དྲག་སྤྲས་ཉེན་རྟོག་པ། ཡུལ་དམག  མེ་གསོད། སྤྱི་བདེ། འགྲིམ་འགྲུལ། སྨན་བཅོས། བརྡ་འཕྲིན། གློག་ཤུགས་སོགས་མྱུར་སྐྱོར་མི་སྣ་དགུ་བརྒྱ་ཞེ་དགུ་ལྷག་འཛོམས་ཤིང་། བསྔོགས་འདོན་འཕྲུལ་འཁོར་དང་མེ་གསོད་རླངས་འཁོར་སོགས་མྱུར་སྐྱོབ་སྒྲིག་ཆས་ཉིས་བརྒྱ་ལྷག་སྒྲིག་འཛུགས་བྱེད་པར་མ་ཟད། ཕྱོགས་ཡོངས་མཐོང་བའི་རེག་བརྡ་མང་པོ་བཀོད་སྒྲིག་བྱས་ནས། དྲ་རྒྱ་བཅུ་དབྱེ་ནས་འཚོལ་སྐྱོབ་དང་མངོན་མེད་ཉེན་ཁ་སེལ་བ་རེད། བསྡོམས་པས་མང་ཚོགས་དུད་ཁྱིམ་གོ་ལྔའི་མི་སུམ་བརྒྱ་དྲུག་ཅུ་གནས་སྤོས་ཡོད།

  ཟླ་བ་གཉིས་པའི་ཚེས་བརྒྱད་ཉིན། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ནང་མ་དངུལ་སྒོར་བྱེ་བ་ལྔ་བཏང་ནས། གནོད་ཁུལ་རྨང་གཞི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ་སྒྲིག་ཆས་གནོད་རྗེས་བབ་བསྟུན་སླར་གསོ་ལ་རྒྱབ་སྐྱོར་བྱས་པ་རེད། ནོར་སྲིད་པུའུ་དང་བབ་བསྟུན་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་མྱུར་སྐྱོབ་མ་དངུལ་སྒོར་བྱེ་བ་གསུམ་སྔོན་བཏང་བྱས་ནས། སི་ཁྲོན་གྱིས་གནོད་སེལ་རྒུད་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་པ་རེད།

  བབ་བསྟུན་དོ་དམ་པུའུ་ཡི་ས་འགུལ་དང་ས་གཤིས་གནོད་འཚེ་མྱུར་སྐྱོབ་སིའི་འགོ་འཛིན་ཀྲའོ་མིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་བཏོན་ནས། ཐབས་བརྒྱ་ཇུས་སྟོང་གིས་གར་སོང་ཆ་མེད་གྱུར་པའི་མི་སྣ་འཚོལ་སྐྱོབ་དང་། མི་སྣ་ཤི་རྨས་ཇེ་ཉུང་གཏོང་གང་ཐུབ་ཅི་ཐུབ་བྱེད་དགོས་ལ། རྗེས་མཇུག་ལས་ཀ་སོགས་ཡག་པོ་བསྒྲུབ་དགོས་ཞེས་གསུངས། བབ་བསྟུན་དོ་དམ་པུའུ་ཡིས་མྱུར་དུ་རྒུད་སྐྱོབ་དཔུང་ཁག་མངགས་ནས་གནོད་སེལ་དངོས་ཟོག་ལེགས་སྒྲིག་བྱེད་པར་མ་ཟད། ལས་སྒྲུབ་ཚོ་ཆུང་ཡུལ་དངོས་སུ་མངགས་ནས་ས་གནས་ལ་མཛུབ་སྟོན་བྱེད་ཀྱིན་ཡོད་ལ། ང་ཚོས་ས་གནས་ཁག་དང་མྱུར་སྐྱོབ་ཇུས་འགོད་བཀོད་མགྱོགས་པོར་བྱེད་ཀྱིན་ཡོད་ཅེས་བཤད།


  • 顶