བྱམས་བརྩེའི་སྐུ་དྲིན་ཀུན་གྱི་སེམས་སུ་འཁྱིལ།།
ཟླ་གཉིས་པའི་ཚེས་དྲུག་གི་དགོང་མོར།
སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་དང་།
རང་རྒྱལ་གྱི་ཉིང་རྡུལ་གཏིང་གྲུ་ལས་གྲྭའི་སྤྱི་ཁྱབ་ཇུས་འགོད་པ་
རབས་དང་པོའི་ཡོན་ཧྲི་ཧོང་ཞུས་ཧྭ་ལགས་སྙུང་གཞི་དབང་གིས་
ཝུའུ་ཧན་དུ་སྐུ་གཤེགས་པ་དང་།
ཁོང་ཉིད་འདས་དུས་དགུང་ལོ་༩༩ལ་ཟིན་ཡོད། ཁོང་འདས་རྗེས་ཉིན་བསྟུད་མར་ཀྲུང་གོའི་གྲུ་གཟིངས་ཚོགས་པའི་ཞིབ་འཇུག་ཁང་ཨང་༧༡༩་ཡི་སྤྱི་ཡོངས་ཐོག་ཁང་དུ་ཡོན་ཧྲི་ཧོང་ཞུས་ཧྭ་ལ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ་དང་། བྱེད་སྒོའི་ཡུལ་དངོས་སུ་སྤྱི་ཚོགས་ལས་རིགས་ཁག་གིས་མི་སྣས་གྲལ་རིང་བསྒྲིགས་ནས་མེ་ཏོག་ཕུལ་བ་མ་ཟད། ཁང་པའི་ནང་གི་གྱང་འགྲམ་སོགས་སུ་མེ་ཏོག་མང་པོ་བཤམས་ཡོད། ད་དུང་གྲོང་ཁྱེར་ཡོངས་སུ་མེ་ཏོག་ཕུལ་ནས་ཁོང་ལ་གུས་འདུད་དང་སྐྱེལ་མ་ཞུས།
འདི་ནི་མི་དམངས་ཀྱིས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་ཐོབ་པའི་ཚན་རིག་པ་ཁོང་ལ་བཅངས་པའི་བརྩེ་སེམས་མཚོན་སྟངས་ཞིག་ཡིན་པར་མ་ཟད། ལྷག་པར་དུ་ཝུའུ་ཧན་ཞེས་པའི་དཔའ་བོའི་གྲོང་ཁྱེར་དེས་དམ་པ་ཁོང་ལ་བཅངས་པའི་བླ་ན་མེད་པའི་གུས་འདུད་ཞུ་སྟངས་ཞིག་ཀྱང་རེད།
དེ་རིང་༼ཚེས་༡༠ཉིན༽་གྱི་སྔ་དྲོའི་ཆུ་ཚོད་༡༠པའི་ཐོག་ཡོན་ཧྲི་ཧོང་ཞུས་ཧྭ་ཡི་སྐུ་གདུང་སྐྱེལ་མ་ཞུ་བའི་བྱེད་སྒོ་དེ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཝུའུ་ཁྲང་པུར་ཁང་དུ་སྤེལ་ནས་དྲན་གསོ་དང་གུས་འདུད་ཞུས་པ་རེད།
ཡོང་ཁུངས། མི་དམངས་ཚགས་པར།
རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
འཕྲིན་སྟེགས། weikangba