ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིན་ཕུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོ་ལ་ཐུག་འཕྲད་གནང་བ།

2025-02-10
736

ཟླ2པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའར་པན་དུ་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་བའི་མགོ་རྩོམ་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་ཨོ་ལིན་ཕུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའར་པན་དུ་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་བའི་མགོ་རྩོམ་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་ཨོ་ལིན་ཕུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོ་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོས་པེ་ཅིན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་། ཁྲིན་ཏུའུ་ལུས་རྩལ་འགྲན་ཚོགས། ཧང་ཀྲོའུ་ཡ་གླིང་ལུས་རྩལ་འགྲན་ཚོགས་བཅས་ལེགས་འགྲུབ་ངང་གཉེར་ཏེ། དོ་དགོང་ཧའར་པིན་དུ་ཡོང་བའི་དགུན་དུས་ལུས་རྩལ་འགྲན་ཚོགས་གལ་ཆེན་འདི་དག་བསུ་རྒྱུ་རེད། ཀྲུང་གོ་དང་རྒྱལ་སྤྱིའི་ཨའོ་རྩལ་ཨུ་ཡོན་ལྷན་ཁང་བར་གྱི་མཉམ་ལས་དམ་ཟབ་མཚོན་ཡོད། ཨོ་ལིན་ཕིག་གི་སྙིང་སྟོབས་ནི་མིའི་རིགས་ཀྱི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་དམིགས་འབེན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རེ་བ་ཚད་མཐོན་པོར་མཐུན་ཞིང་། ཀྲུང་གོས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས། ལུས་རྩལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་བདེ་ཐང་ཀྲུང་གོའི་དམིགས་འབེན་ཕྱོགས་སུ་བསྐྱོད་ན་རྒྱལ་སྤྱིའི་ལུས་རྩལ་བྱ་གཞག་ལ་རྒྱུན་ཆད་མེད་པར་ལེགས་སྐྱེས་གསར་པ་འབུལ་ངེས་ཡིན། ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཟླ2པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའར་པན་དུ་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་བའི་མགོ་རྩོམ་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་ཨོ་ལིན་ཕུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོ་ལ་ཐུག་འཕྲད་གནང་།

པཱ་ཧོ་ཡིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱལ་སྤྱིའི་ཨའོ་རྩལ་ཨུ་ཡོན་ལྷན་ཁང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོས་ངོ་མཚར་ཆེ་བའི་པེ་ཅིན་དགུན་དུས་ཨའོ་རྩལ་འགྲན་ཚོགས་སོགས་འགྲན་བསྡུར་གལ་ཆེན་བདེ་བླག་ངང་གཉེར་ནས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་བྱ་གཞག་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཀྲུང་གོས་མཐུན་སྒྲིལ་མཉམ་ལས་དང་། འདྲ་མཉམ་གྱིས་བརྩི་འཇོག་བྱེད་པ་སོགས་ཀྱི་འདུ་ཤེས་དར་སྤེལ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། ལུས་རྩལ་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྒྱལ་སྤྱིའི་ལུས་རྩལ་བྱ་གཞག་ནང་རྒྱ་ཁྱབ་ཏུ་ཞུགས་པར་རྒྱབ་སྐྱོར། ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཀྲུང་གོས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་ཆེ་བར་བརྟེན་ནས་འཛམ་གླིང་གི་ཞི་བདེ་དང་། གོང་འཕེལ། ཡར་ཐོན་བཅས་ཀྱི་བྱ་གཞག་ནང་ནུས་པ་སྔར་ལས་ཆེ་བ་འདོན་ཐུབ་པར་ཡིད་ཆེས་ཡོད། ཧའར་པིན་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་ལེགས་འགྲུབ་འབྱུང་བར་ཡིད་ཆེས་ཡོད་ཅེས་བསྟན།  །

ཚའེ་ཆི་དང་ཝང་དབྱི། ཧྲིན་དབྱི་ཆིང་སོགས་ཐུག་འཕྲད་ལ་ཞུགས།  །


  • 顶