ཞི་ཅིན་ཕིང་གིས་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་ལ་ཐུག་འཕྲད་གནང་བ།

2025-02-10
773

ཟླ2པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའར་པན་ཐའེ་དབྱང་ཏའོ་མགྲོན་ཁང་དུ་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་བའི་མགོ་རྩོམ་མཛད་སྒོར་ཞུགས་པའི་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའར་པན་ཐའེ་དབྱང་ཏའོ་མགྲོན་ཁང་དུ་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་བའི་མགོ་རྩོམ་མཛད་སྒོར་ཞུགས་པའི་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ལོ་ངོ30ལྷག་གི་རིང་ལ། ཀྲུང་གོ་དང་ཧན་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ས་ཁུལ་ཞི་བདེ་དང་འཕེལ་རྒྱས་ལ་བྱས་རྗེས་བཞག་ཡོད། དེང་སྐབས་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ཁྲོད་ཀྱི་ངེས་གཏན་མིན་པའི་རང་བཞིན་ཇེ་མང་དུ་སོང་བ་དང་། ཀྲུང་གོ་དང་ཧན་གོ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཧན་གོའི་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། ད་ལོ་ནི་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་ལོ་དང་ཧན་གོ་བསྐྱར་གསོ་བྱུང་ནས་ལོ་འཁོར80ལོན་པའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་དྲན་གསོའི་བྱེད་སྒོ་ཡག་པོ་སྤེལ་དགོས། ཕན་ཚུན་མཉམ་འདྲེས་དང་གཉིས་ཕན་མཉམ་རྒྱལ་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་གཏིང་ཟབ་ཏུ་གཏོང་དགོས། འདི་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་དགོས། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ་ད་ལོ་དང་སང་ལོའི་ལོ་གཉིས་ལ་སོ་སོར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་བསྡུ་དགོས་ཞེས་བསྟན།

ཟླ2པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའར་པན་ཐའེ་དབྱང་ཏའོ་མགྲོན་ཁང་དུ་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་བའི་མགོ་རྩོམ་མཛད་སྒོར་ཞུགས་པའི་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་ལ་ཐུག་འཕྲད་གནང་།

ཡུས་ཡོན་ཀྲི་ཡིས་ཧན་གོ་དང་ཀྲུང་གོའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་སོ་སོའི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོའི་མཛའ་མཐུན་ནི་ཧན་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ལྟེ་བའི་གྲས་ཤིག་ཡིན་པས། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཟེར། ཧན་གོ་དང་ཀྲུང་གོའི་འབྲེལ་བ་དེ་ལོ་གསར་པའི་ནང་སྔར་ལས་ཡག་ཐོག་ཡག་བརྩེགས་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཡོངས་ཀྱི་ཐོན་ལས་ཕྲེང་འབྲེལ་གྱི་མཁོ་འདོན་བརྟན་པོ་ཡོང་བར་སྲུང་སྐྱོང་བྱས་ནས། མི་སྣའི་འགྲོ་འོང་རྒྱ་ཆེར་གཏོང་རྒྱུ་དང་མཛའ་མཐུན་གྱི་བརྩེ་དུང་ཟབ་ཏུ་གཏོང་དགོས། མཉམ་དུ་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་རྒྱུ་དང་། ཕན་ཚུན་རྒྱབ་སྐྱོར་བྱས་ནས་དེང་གི་ལོ་གཉིས་རིང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ལེགས་པར་འཚོགས་དགོས་ཞེས་བསྟན།

ཝང་དབྱི་ཐུག་འཕྲད་ལ་ཞུགས།  །


  • 顶