ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱིས་དངུལ་ལོར་བརྗེ་རེས་ཀྱི་གྲོས་ཡིག་སྟེང་མིང་རྟགས་བཀོད་པ།

2025-02-10
444

པར་འདི་ནི་ཀྲུང་གོ་མི་དམངས་དངུལ་ཁང་གི་ཐོག་ཁང་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ2པའི་ཚེས7ཉིན་ཀྲུང་གོའི་མི་དམངས་དངུལ་ཁང་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་གོ་མི་དམངས་དངུལ་ཁང་དང་ཧིན་རྡུ་ཉི་ཞི་ཡ་དངུལ་ཁང་གཉིས་ཀྱིས་ཉེ་ལམ་དངུལ་ལོར་བརྗེ་རེས་ཀྱི་གྲོས་ཡིག་སྟེང་མིང་རྟགས་བཀོད་དེ། ཕན་ཚུན་བར་དམངས་སྒོར་དུང་ཕྱུར4000/ཧིན་རྡུ་ཉི་ཞི་ཡའི་ལུའུ་པི་དུང་ཕྱུར་ཁྲི878བརྗེ་རེས་བྱ་རྒྱུ་དང་། གྲོས་ཡིག་གི་གོ་ཆོད་དུས་ཡུན་ལོ་ལྔ་ཡིན་ལ། ཕྱོགས་གཉིས་ཀྱི་གྲོས་མོལ་བརྒྱུད་དུས་ཡུན་ད་དུང་ཕྱི་འགྱངས་བྱ་ཆོག་པར་བྱས།

ཀྲུང་གོ་མི་དམངས་དངུལ་ཁང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་སླར་ཡང་ཕན་ཚུན་དངུལ་ལོར་བརྗེ་རེས་བྱེད་པའི་གྲོས་ཡིག་སྟེང་མིང་རྟགས་བཀོད་པ་དེ། སྔར་ལས་ལྷག་པར་གཏིང་ཟབ་སྒོས་རྒྱལ་ཁབ་གཉིས་ཀྱི་དངུལ་ལོར་དངུལ་རྩ་མཉམ་ལས་བྱེད་པར་ཕན་ནུས་གལ་ཆེན་ལྡན་པ་མ་ཟད། ཕྱོགས་གཉིས་ཀྱི་ཉོ་ཚོང་བརྗེ་རེས་དང་མ་གཏོང་སྟབས་བདེ་ཡོང་བར་སྐུལ་འདེད། དངུལ་རྩའི་ཁྲོམ་ར་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་ནུས། །


  • 顶