
ཟླ2པའི་ཚེས5ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པེ་ཅིན་དུ་ཅིར་ཅི་སི་ཐན་གྱི་ཙུང་ཐུང་ལྕམ་མོ་ཀྲ་ཕ་ལུའོ་ཝ་དང་ཇ་མོལ་བྱས་པ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས5ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་གྱིས་པེ་ཅིན་དུ་ཅིར་ཅི་སི་ཐན་གྱི་ཙུང་ཐུང་ལྕམ་མོ་ཀྲ་ཕ་ལུའོ་ཝ་དང་ཇ་མོལ་བྱས།
ཕིན་ལི་ཡོན་གྱིས་ཀྲ་ཕ་ལུའོ་ཝས་ལོ་སར་སྐབས་སུ་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་དང་མཉམ་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། ཕིན་ལི་ཡོན་གྱིས་ཀྲུང་ཅི་རྒྱལ་ཁབ་གཉིས་ནི་སྲོལ་རྒྱུན་མཛའ་མཐུན་ཡིན་པས་རྒྱལ་ཁབ་གཉིས་ཀྱི་དམངས་ཚོགས་རྒྱུན་དུ་ཕར་འགྲོ་ཚུར་འོང་དང་མཉམ་འཛོམས་ངོ་འཕྲད་བྱ་རྒྱུའི་རེ་བ་བསྟན། རིག་གནས་སྤེལ་རེས་ནི་དམངས་སེམས་འབྲེལ་འདྲིས་བྱེད་པའི་ཟམ་པ་གལ་ཆེན་ཡིན་པས། ཀྲུང་གོ་དང་ཅིར་ཅི་སི་ཐན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྤེལ་རེས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རེ་བ་ཡོད། ཕིན་ལི་ཡོན་གྱིས་ཀྲ་ཕ་ལུའོ་ཝ་ཡིས་སྤྱི་ཚོགས་ཀྱི་དགེ་སྒྲུབ་དང་སྤྱི་ཕན་བྱ་གཞག་ལ་སྤྲོ་སེམས་འཁོལ་བའི་བསྔགས་བརྗོད་བྱས་པ་དང་། ཀྲུང་ཅི་ཕྱོགས་གཉིས་པོས་བུད་མེད་དང་བྱིས་པ་དང་ཉམས་ཞན་ཚོགས་སྤྱིའི་ཁེ་དབང་འགན་སྲུང་སོགས་ཐད་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མཉམ་དུ་བདེ་སྐྱིད་བསྐྲུན་པར་རེ་སྒུག་བྱེད་བཞིན་ཡོད་ཚུལ་བསྟན།
ཀྲ་ཕ་ལུའོ་ཝས་ཕིན་ལི་ཡོན་ལ་ལོ་གསར་གྱི་སྨོན་འདུན་ཞུས་པ་དང་། ཕིན་ལི་ཡོན་གྱིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཀྲ་ཕ་ལུའོ་ཝ་ཡིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ལ་ཚད་མཐོའི་གདེང་འཇོག་བྱས་ནས། ཅིར་ཅི་སི་ཐན་དང་ཀྲུང་གོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བཤད། །
འཕྲིན་སྟེགས། weikangba