ཞི་ཅིན་ཕིང་གིས་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་གྲོས་མོལ་གནང་བ།

2025-02-07
219

ཟླ2པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་གྲོས་མོལ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན་གཉིས་ནི་རི་ཆུ་མཉམ་འབྲེལ་དང་དམངས་སེམས་གཅིག་ཏུ་གཞོལ་བའི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས། དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་ཀྱི་མཐོ་ཚད་གསར་པར་སླེབས་ཡོད། ཕྱོགས་གཉིས་ཀའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་མུ་མཐུད་སྲ་བརྟན་དུ་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་སྐོར་གྱི་གཏམ་བཟང་གང་སར་ཁྱབ་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་སྤྱི་ཚོགས་དང་དམངས་འདོད་རྨང་གཞིའང་ཉིན་རེ་བཞིན་ཇེ་བརྟན་དུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅི་ཨེར་ཅི་སི་སི་ཐན་ཕྱོགས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཅི་ཨེར་ཅི་སི་སི་ཐན་བར་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཇེ་དམ་དུ་གཏོང་བ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་རྒྱ་སྐྱེད་གཏོང་བ། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མཉམ་དུ་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བཅས་བྱས་ནས། ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན་གྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པའི་ལས་དོན་སྔར་ལས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀས་མུ་མཐུད་དུ་བསམ་ཕྱོགས་གསར་འབྱེད་བྱས་ཏེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་དོན་གཙོ་བོར་བཟུང་ནས། གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་མཉམ་ལས་མུ་མཐུད་རྒྱ་སྐྱེད་གཏོང་བ་དང་། ཅི་ཨེར་ཅི་སི་སི་ཐན་གྱི་སྤུས་ལེགས་ཚོང་རྫས་སྔར་ལས་གང་མང་ནང་འདྲེན་བྱེད་པ། ཀྲུང་གོའི་མ་དངུལ་སྔར་ལས་གང་མང་ཅི་ཨེར་ཅི་སི་སི་ཐན་དུ་བཏང་ནས། དངུལ་གཏོང་བྱ་གཞག་དར་སྤེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད།  ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་མ་རྩ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་གང་ལེགས་བྱ་རྒྱུའི་རེ་བ་ཡོད། ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་དང་། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལེགས་པོ་བྱ་རྒྱུ། ད་ཡོད་འགག་སྒོའི་དེང་རབས་ཅན་གྱི་སྒྱུར་བཀོད་ལ་དུས་མཉམ་དུ་སྐུལ་འདེད་གཏོང་བ། འགྲུལ་པ་དང་ཟོང་འདྲེན་དུས་གཏན་གནམ་གྲུ་སྔར་ལས་གང་མང་ཤར་གཏོང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་དང་དངོས་ཟོག་འཁོར་རྒྱུག་ལ་སྟབས་བདེ་སྔར་ལས་གང་མང་བསྐྲུན་དགོས། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་ལས་དང་གཞི་གྲངས་ཆེན་མོ། མིས་ཐབས་རིག་ནུས་སོགས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས་འཕར་ཚད་གསར་པ་གཏོད་དགོས། ཕྱོགས་གཉིས་ཀས་ཀྲུང་གོའི་རིག་གནས་ལྟེ་གནས་དང་ལུའུ་པན་བཟོ་ཁང་། ཁུང་ཙི་སློབ་གླིང་སོགས་སྒྲིག་གཞི་གཉེར་སྐྱོང་ཡག་པོ་བྱས་ཏེ། ས་གནས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བྱ་གཞག་ཁྲོད་ཞུགས་པའི་སྟོབས་ཤུགས་སྔར་ལས་གང་མང་གསོ་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཅི་ཨེར་ཅི་སི་སི་ཐན་བར་མཉམ་ལས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མཉམ་ལས་ལམ་སྲོལ་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་རྒྱུ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་མངོན་སུམ་གྱིས་སྟོབས་ལྡན་དུ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་ལག་བསྟར་བྱས་ནས། མཉམ་དུ་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་འདོད་ཡོད།

ཟླ2པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་གྲོས་མོལ་གནང་།

ཀྲ་ཕ་ལའོ་ཕུའུ་ཡིས་བསྟན་དོན། ལོ་གསར་བའི་མགོ་བརྩམས་མ་ཐག་ཀྲུང་གོར་འཚམས་འདྲི་གནང་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་ཆེས་མཛེས་སྡུག་ལྡན་པའི་ལོ་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། ཀྲུང་གོས་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་རྒྱལ་ཁའི་ངང་གཉེར་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོས་ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་མངོན་འགྱུར་བྱེད་པའི་འགྲུལ་བཞུད་ཐོག་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ། དེང་རབས་ཅན་དུ་བསྐྱོད་པའི་དུས་མཚུངས་སུ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ་འཛམ་གླིང་ལ་མིག་དཔེ་བསྟན་ཡོད། ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་ཡོད། ཅི་ཨེར་ཅི་སི་སི་ཐན་དང་ཀྲུང་གོའི་མཛའ་མཐུན་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཉེ་བའི་ལོ་ཤས་རིང་ཆུ་ཚད་གསར་པ་ཞིག་ཏུ་མཐོ་རུ་ཕྱིན་པ་དང་། ཀྲུང་གོ་ནི་ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཡིན་པས། སྡེ་ཚན་ཁག་དང་ས་གནས་ཁག་གིས་མཉམ་ལས་དམ་ཟབ་བྱས་པ་དང་འབྲེལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་ཐའེ་ཝན་དང་། ཞིན་ཅང་། ཞང་ཀང་བཅས་དང་འབྲེལ་བ་ཡོད་པ་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་མུ་མཐུད་དུ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན། ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཅི་ཨེར་ཅི་སི་སི་ཐན་དང་ཀྲུང་གོ་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་དེ་བས་མང་བ་ཐོབ་པ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་པ། ཀྲུང་ཅི་ཝུའུ་ལྕགས་ལམ་གྱི“རྣོ་ལྕགས་དར་གོས་ལམ་བུ”འཛུགས་སྐྲུན་ཡག་པོ་བཅས་བྱས་ནས། ཐོན་ལས་དང་མ་འཇོག ཉོ་ཚོང་། འགྲིམ་འགྲུལ། གློག་རྡུལ་ཚོང་དོན། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གི་གནས་སྟངས་འོག་ཏུ། ཅི་ཨེར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་མཉམ་ལས་དམ་ཟབ་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་གང་ལེགས་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད།

ཟླ2པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་གྲོས་མོལ་གནང་།

ཟླ2པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་གྲོས་མོལ་གནང་། གྲོས་མོལ་རྗེས་སུ། རྒྱལ་ཁབ་གཉིས་ཀའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཅི་ཨེར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཟབ་སྤེལ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག》ལ་མིང་རྟགས་བཀོད་པ།

གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཅི་ཨེར་ཅི་སི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཟབ་སྤེལ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག》ལ་མིང་རྟགས་བཀོད་པ་དང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་དེ་བཞིན་ཕྱི་འབྲེལ་དང་དཔལ་འབྱོར་ཚོང་དོན། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་གནང་།

ཟླ2པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཅི་ཨེར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ། ཞི་ཅིན་མིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཀྲ་ཕ་ལའོ་ཧྥུའུ་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་ཚུལ་རེད།

གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཀྲ་ཕ་ལའོ་ཧྥུའུ་བཟའ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་སྒྱོགས་ཐེངས21གྲགས་པ་དང་། གུས་དམག་གིས་རུ་བསྟར་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་པ་དང་། དམག་དཔུང་གི་རོལ་དབྱངས་རུ་ཁག་གིས་ཀྲུང་གོ་དང་ཅི་ཨེར་ཅི་སི་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཞི་ཅིན་ཕིང་གིས་ཕེབས་རོག་འོག་ཀྲ་ཕ་ལའོ་ཧྥུའུ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས།

ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་དང་ཕིན་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཀྲ་ཕ་ལའོ་ཧྥུའུ་བཟའ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས། །

  • 顶