གཞི་གྲངས་མང་པོས་ཟིན་ཐོ་གསར་པ་བཏོད།

2025-02-07
276

  ད་ལོའི་དཔྱིད་གསར་དུས་ཆེན་ནི་འཛམ་གླིང་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་རེ་ཞུ་ལེགས་གྲུབ་བྱུང་རྗེས་ཀྱི་དཔྱིད་གསར་དུས་ཆེན་ཐོག་མ་ཡིན་ལ་འདུ་འཛི་ཧ་ཅང་ཆེ། ཡུལ་ལ་ལོག་པ་དང་རྒྱང་དུ་བཞུད་པའི་བར་ནས་ལྷན་འཛོམས་དང་དགོད་སྒྲས་ཁེངས། དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས་སུ་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་བའི་འགྲོ་འོང་མི་སྣ་མི་ཐེངས་དུང་ཕྱུར་ཉེར་གསུམ་ལས་བརྒལ་ཡོད། གློག་བརྙན་སྤ་སེ་འཚོང་ཚད་མཐོ་རུ་ཕྱིན་ནས་སྒོར་དུང་ཕྱུར་བརྒྱ་ལས་བརྒལ། རྒྱལ་ནང་དུ་ཡུལ་སྐོར་ལ་འགྲོ་བའི་སྤྱིའི་འགྲོ་སོང་སྒོར་དུང་ཕྱུར་དྲུག་སྟོང་བདུན་བརྒྱ་བདུན་ཅུར་ཟིན། ས་གནས་སོ་སོའི་མཛེས་ཁུལ་དུ་འདུ་འཛིས་ཁེངས། སྦྲུལ་ལོའི་དཔྱིད་གསར་དུས་ཆེན་འགོ་ཡག་པོ་བཙུགས་ཏེ། ཀྲུང་གོའི་ས་གཞི་ཆེན་མོའི་ག་ས་གང་དུ་ལོ་གསར་གྱི་བྲོ་བ་ཟབ་མོ་ལྡན་ལ་སྐྱེས་སྟོབས་ཀྱི་དཔལ་འབར་ཡོད།  


ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

རྩོམ་སྒྲིག་པ།  ལྷ་མོ་བཀྲ་ཤིས།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།





  • 顶