ཞི་ཅིན་ཕིང་ཧར་པིན་གྱི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་ཕྱི་དོན་བྱེད་སྒོ་སྤེལ་རྒྱུ་རེད།

2025-02-07
356
图片

  ཟླ་༢པའི་ཚེས་༧ཉིན་གྱི་དགོང་མོར། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་འགོ་ཚུགས་མཛད་སྒོ་དེ་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོའི་ནང་ཞུགས་རྒྱུ་ཡིན་པར་མ་ཟད། སྐབས་འདིའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་བྱ་རྒྱུ་རེད།

ཚེས་༧ཉིན་གྱི་ཉིན་གུང་ད་དུང་ཞི་ཅིན་ཕིང་གིས་ཀྲུང་གོ་རུ་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་རྣམས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་སྤེལ་རྒྱུ་རེད། 

འགོ་ཚུགས་མཛད་སྒོར་ཞུགས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་ནི་པུ་རུ་ནའེ་སུའུ་ཏན་ཧ་སང་ནའར་དང་། ཁེར་ཅི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲར་ཏ་ལི། ཐེ་ལན་གྱི་ཙུང་ལི་ཕེ་ཐུང་ཐན། ཁོ་རེ་ཡ་ལྷོ་མའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཡུས་ཡོན་ཀྲི་སོགས་ཡོད།

 དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཆེན་མོ་དེ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཐད་གཏོང་དང་ཤིན་ཧྭ་དྲ་བའི་ཐོག་པར་རིས་ཀྱི་ལམ་ནས་ཐད་གཏོང་བྱ་རྒྱུ་རེད།

ཡོང་ཁུངས།  ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།


རྩོམ་སྒྲིག་པ།  མཚོ་ལྷ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།




  • 顶