ཞི་ཅིན་ཕིང་གིས་ལིའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་མཛད་པ།

2025-01-24
1084

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲང་ངར་ལ་མ་འཛེམ་པར་ལིའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར་སུའེ་ཀྲུང་རྫོང་མིན་ཧྲུའེ་མན་ཇུ་རིགས་ཤང་ཀྲུའུ་ཅ་ཀོའུ་སྡེ་བར་ཕེབས་ཏེ་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་མཛད་ནས། ཡུལ་དངོས་སུ་ན་ནིང་གི་ཆུ་ལོག་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། དགུན་སླེབས་པའི་སྔོན་ལ་སྡོད་ཁང་གསར་བ་རུ་གནས་སྤར་བའི་སྡེ་དམངས་ཀྱི་ཁྱིམ་དུ་ཕེབས་ནས། བསྐྱར་སྐྲུན་སྡོད་ཁང་གི་སྤུས་ཚད་དང་ཉིན་རྒྱུན་གྱི་འཚོ་བའི་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།  །


  • 顶