
པར་འདི་ནི་ཀྲུང་གོའི་མི་དམངས་དངུལ་ཁང་གི་སྤྱི་ཁྱབ་སྲིད་འཛིན་ཐོག་ཁང་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ1པོའི་ཚེས22ཉིན་ཀྲུང་གོའི་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ལམ། ཀྲུང་གོ་མི་དམངས་དངུལ་ཁང་དང་སི་རི་ལན་ཁ་ཀྲུང་དབྱང་དངུལ་ཁང་གཉིས་ཀྱིས་ཕྱོགས་གཉིས་ཀྱི་དངུལ་ལོར་བརྗེ་རེས་བྱེད་པའི་གྲོས་གཞི་སྟེང་མིང་རྟགས་བཀོད། ཕན་ཚུན་བརྗེ་རེས་བྱེད་པའི་གཞི་ཁྱོན་ལ་མི་དམངས་ཤོག་སྒོར་དུང་ཕྱུར100/སི་རི་ལན་ཁའི་ལུའུ་སྒོར་དུང་ཕྱུར4100བརྗེ་རྒྱུ་དང་། གྲོས་གཞིའི་ནུས་ལྡན་དུས་ཡུན་ལོ་གསུམ་ཡིན་ལ། ཕྱོགས་གཉིས་བར་འཐད་པ་བྱུང་ཚེ་དུས་ཡུན་ཇེ་རིང་དུ་གཏོང་ཆོག
ཀྲུང་གོའི་མི་དམངས་དངུལ་ཁང་གིས་བསྟན་དོན། ཀྲུང་གོ་དང་སི་རི་ལན་ཁས་ཕྱོགས་གཉིས་བར་མུ་མཐུད་དུ་དངུལ་ལོར་བརྗེ་རེས་བྱེད་པའི་གྲོས་གཞི་སྟེང་མིང་རྟགས་བཀོད་པ་དེ། རྒྱལ་ཁབ་གཉིས་ཀྱི་དངུལ་རྩའི་མཉམ་ལས་ལ་ཤུགས་སྣོན་པར་ཕན་ནུས་ལྡན་ལ། རང་སོ་སོའི་དངུལ་ལོར་བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་མ་གཏོང་ལ་སྟབས་བདེ་སྐྲུན་པར་སྐུལ་འདེད་ཀྱི་ནུས་པ་ཐོན་སྲིད། །
འཕྲིན་སྟེགས། weikangba