བོད་ལྗོངས། མཚོ་སྔོན། སི་ཁྲོན་སོགས་སུ་ས་འགུལ་བྱུང་འདུག

2025-01-20
215

  ཀྲུང་གོའི་ས་འགུལ་དྲ་བའི་མྱུར་འཕྲིན་ལྟར་ན། ཚེས་ཉི་ཤུ་ཉིན་མཚོ་སྔོན་ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་དང་། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་། སི་ཁྲོན་རྔ་བ་ཁུལ་ཧུང་ཡོན་རྫོང་སོགས་ས་ཆ་གསུམ་དུ་ཚད་རིམ་གསུམ་ཡན་གྱི་ས་འགུལ་བྱུང་བ་རེད། དེའི་ནང་མཚོ་སྔོན་ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་དུ་ཆུ་ཚོད་གཅིག་ནང་ས་འགུལ་ཐེངས་གཉིས་བྱུང་།

  ཀྲུང་གོའི་ས་འགུལ་དྲ་བའི་ཐོག་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཟླ་དང་པོའི་ཚེས་༡༩ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་དང་སྐར་མ་བཞིའི་ཐོག་མཚོ་སྔོན་ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་༼འཕྲེད་ཐིག་བྱང་མ་ཏུའུ་༣༥.༡༥དང་གཞུང་ཐིག་ཤར་མ་ཏུའུ་༨༩.༩༧༽དུ་ས་འགུལ་ཚད་རིམ་༣.༣བྱུང་བ་དང་འགུལ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་༡༠ཟིན་ཡོད་པ་རེད།

  ཀྲུང་གོའི་ས་འགུལ་དྲ་བའི་ཐོག་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཟླ་དང་པོའི་ཚེས་༡༩ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་དང་སྐར་མ་ཞེ་བརྒྱད་ཐོག་མཚོ་སྔོན་ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་༼འཕྲེད་ཐིག་བྱང་མ་ཏུའུ་༣༥.༣༡དང་གཞུང་ཐིག་ཤར་མ་ཏུའུ་༨༩.༧༥༽དུ་ས་འགུལ་ཚད་རིམ་༣.༡བྱུང་བ་དང་འགུལ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་༡༠ཟིན་ཡོད་པ་རེད། 

图片

   ཀྲུང་གོའི་ས་འགུལ་དྲ་བའི་ཐོག་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཟླ་དང་པོའི་ཚེས་༢༠ཉིན་གྱི་ནམ་གུང་ཆུ་ཚོད་གཅིག་དང་སྐར་མ་ང་དྲུག་ཐོག་བོད་ལྗོངས་གཞིས་ཀ་རྩེ་་གྲོང་ཁྱེར་གཏིང་སྐྱེས་རྫོང་༼འཕྲེད་ཐིག་བྱང་མ་ཏུའུ་༢༨.༣༥དང་གཞུང་ཐིག་ཤར་མ་ཏུའུ་༨༧.༥༢༽དུ་ས་འགུལ་ཚད་རིམ༣.༣བྱུང་བ་དང་འགུལ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་༡༠ཟིན་ཡོད།

图片

  ཀྲུང་གོའི་ས་འགུལ་དྲ་བའི་ཐོག་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ཟླ་དང་པོའི་ཚེས་༢༠ཉིན་གྱི་ཐོ་རེངས་ཆུ་ཚོད་ལྔ་དང་སྐར་མ་བདུན་ཐོག་སི་ཁྲོན་རྔ་བ་ཁུལ་ཧུང་ཡོན་རྫོང་༼འཕྲེད་ཐིག་བྱང་མ་ཏུའུ་༣༣.༡༢དང་གཞུང་ཐིག་ཤར་མ་ཏུའུ་༡༠༢.༦༤༽དུ་ས་འགུལ་ཚད་རིམ་རིམ་པ་༤.༩བྱུང་བ་དང་འགུལ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་༨ཟིན་པ་རེད།

图片

ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།

རྩོམ་སྒྲིག་པ།  ལྷ་མོ་བཀྲ་ཤིས།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། བཀྲ་ཤིས་ཉི་མ།



  • 顶