ཉེ་ཆར་ཧྲན་ཞི་ཐའེ་ཡོན་གྱི་སློབ་ཆེན་སློབ་མ་གཉིས་རྐང་འཁོར་བཞོན་ནས་ཧྥན་ཧོ་གཙང་པོའི་འཁྱག་རོམ་བརྒལ་སྐབས། དར་དོང་ནང་ལྷུང་ནས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བས། དེས་དྲ་གྲོགས་མང་པོ་ཞིག་ལ་སེམས་སྡུག་བྱེད་དུ་བཅུག
རྒྱུས་ལོན་བྱུང་བ་ལྟར་ན། ཆུའི་ནང་ལྷུང་བའི་སློབ་མ་གཉིས་ནི་ཀྲུང་པེ་སློབ་ཆེན་གྱི་སློབ་མ་ཡིན་པ་དང་། དོན་རྐྱེན་འབྱུང་སྐབས། ཁོ་ཚོས་གློག་སྒུལ་རྐང་འཁོར་བཞོན་ནས་རྩེད་མོར་རོལ་དུས་སེམས་ཆུང་མ་བྱས་པར་དར་དོང་དུ་ལྷུང་པ་རེད། ཟླ་དང་པོའི་ཚེས་བདུན་ཉིན་ཉེན་བརྡ་འབྱོར་རྗེས། ས་གནས་དེ་གའི་སྤྱི་བདེ་དང་མེ་ཟོན། དེ་བཞིན་ཧྲན་ཞི་མཁའ་དབྱིངས་རོགས་སྐྱོབ་རུ་ཁག་བཅས་ཡུལ་དངོས་སུ་ཡོང་ནས་རོགས་སྐྱོབ་བྱས་པ་དང་། ཚེས་བརྒྱད་ཉིན་རྐྱེན་ལམ་དུ་ཤོར་བའི་མི་གཅིག་རྙེད་པ་དང་། ཚེས་བཅུ་ཉིན་རྐྱེན་ལམ་དུ་ཤོར་བའི་མི་གཞན་པ་དེ་རྙེད་པ་རེད།
དེ་ན་དར་དོང་ནང་ལྷུང་ན་ཅི་ལྟར་རང་སྐྱོབ་བྱ་དགོས་ཤེ་ན།
༡ ཆུ་རྡེབ་རང་སྐྱོབ་ཐབས།
ལུས་སྟོད་ཆུ་ངོས་སམ་དར་ངོས་སུ་ཉལ་ནས་ལག་མཐིལ་གྱིས་དར་ངོས་ལ་འདེགས་སྐྱོར་བྱེད་པ་དང་མཉམ་དུ། རྐང་པ་གཉིས་ཀྱིས་མགྱོགས་མྱུར་ངང་ཆུ་ངོས་ལ་རེས་མོས་ཀྱིས་རྡེབ་པ་དང་། རྡེབ་ཤུགས་ལ་བརྟེན་ནས་དལ་མོར་དར་ངོས་སུ་འབུད་ཐབས་བྱ་དགོས།
༢ སློག་བསྒྱུར་རང་སྐྱོབ་ཐབས།
ལུས་སྟོད་དར་ངོས་སུ་ཉལ་ནས་ལག་མཐིལ་གྱིས་དར་ངོས་འདེགས་སྐྱོར་བྱས་ཏེ། རྐེད་པར་ཤུགས་རྒྱག་པ་དང་རང་ཉིད་ཀྱི་ལུས་ཕུང་དར་ངོས་སུ་འགྲིལ་དགོས། དར་ཅུང་སྲ་མོ་ཡིན་པའི་གནས་ལ་བརྟེན་པ་དང་། དུས་མཚུངས་སུ་རང་གི་ཤེད་ཤུགས་གཅིག་ཡོད་ཚད་ཕྱོགས་གཅིག་ལ་བཏོན་ནས། ཡང་བསྐྱར་ཆུའི་ནང་དུ་ལྷུང་བར་གཟབ་དགོས།
༣ ལུས་སྟོད་རང་སྐྱོབ་ཐབས།
གལ་ཏེ་ལུས་སྟོད་དར་ངོས་དང་བར་ཐག་ཅུང་རིང་བ་དང་ལག་མཐིལ་ཁོ་ན་དར་ངོས་ལ་ཐུག་ཐུབ་པ་ཙམ་ཡིན་ན། ལུས་ཕུང་ལྷོད་ལ་འབབ་པ་དང་རྐང་པ་གཉིས་ཆུ་ངོས་སུ་གཡེང་དགོས། ལག་པའི་འདེགས་སྐྱོར་བྱེད་གནས་སྔུན་ལ་ནུར་ཆེ་ན་མི་འགྲིག དེ་ལྟར་བྱས་ན་རྐང་པ་གཉིས་ཀ་མར་དཔྱང་འགྲོ། ལག་པ་གཉིས་ཀྱིས་ཤུགས་ཅུང་ཙམ་བརྒྱབ་སྟེ་དལ་མོར་དར་ངོས་སུ་བཅར་རྗེས། མཇུག་མཐར་འགྲིལ་ནས་རང་སྐྱོབ་བྱེད་པའམ་རྐང་པས་ཆུ་ལ་རྡེབ་པའི་ཐབས་སྤྱད་ནས་རང་སྐྱོབ་བྱས་ཏེ་ཆུ་ངོས་ནས་འབུད་དགོས།
ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba