ཝང་ཧུའུ་ཉིང་གིས་ཕེ་རུའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ས་ལུའུ་ཨན་ན་ལ་ཐུག་འཕྲད་གནང་བ།

2025-01-08
219

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཕེ་རུ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ས་ལུའུ་ཨན་ན་ལ་ཐུག་འཕྲད་གནང་།

ཝང་ཧུའུ་ཉིང་གིས་ཉེ་སྔོན་ཀྲུའུ་ཞི་ཞི་ཅིན་ཕིང་ཕེ་རུར་བསྐྱོད་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་འབྲེལ་ཕེ་རུ་རྒྱལ་དོན་འཚམས་འདྲི་གྲུབ་འབྲས་ཐོབ་པའི་ངང་བྱས་ནས། ཀྲུང་གོ་དང་ཕེ་རུ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཕེ་རུའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་མང་པོ་ཐོབ་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕེ་རུ་དང་སྤེལ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན།

ས་ལུའུ་ཨན་ན་ཡིས་ཕེ་རུ་དང་ཀྲུང་གོ་ཚང་མ་ནི་ཤེས་རིག་གནའ་བོའི་རྒྱལ་ཁབ་ཡིན། ཕེ་རུས་ཀྲུང་གོ་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། ནུས་ཁུངས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཆན་ཁའེ་གྲུ་ཁ་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”ཐུན་མོང་འཛུགས་སྐྲུན་བྱེད་པའི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བཤད། ཕེ་རུའི་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོ་བར་ཕན་ཚུན་རྒྱུས་ལོན་དང་མཛའ་གྲོགས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཀྲོའུ་ཆང་དང་ཝང་ཏུང་ཧྥུང་སོགས་ཐུག་འཕྲད་ལ་ཞུགས།  །


  • 顶