ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་ཧྲེན་ཀྲུང་ཤང་མོ་པུའུ་ལ་གྲོང་ཚོ་གསར་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་འཛུགས་སྐྱོང་ལས་དོན་གྱི་ལེགས་ཆ་འདོན་སྤེལ་ཏན་ཏིག་བྱས་ཏེ“འབད་བརྩོན་ཐུབ་པ་དང་། མཉམ་འདྲེས་ཐུབ་པ། ལེགས་སྒྲུབ་བྱེད་པའི”ཐད་འབད་བརྩོན་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་བཏང་།
གཞི་རིམ་ལ“མར་འབབ་ཐུབ་པའི”གོ་གནས་སྔར་ལས་མཐོ་བའི་ཐོག་ནས་གྲོང་ཚོར་སྡོད་རྒྱུར་དགའ་བའི་སེམས་བརྩེ་ལྡན་པ་བྱེད་དགོས། དང་བླངས་ཞབས་ཞུ་དང་། སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས། ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་བྱེད་སྒོ་ཐེངས20ལྷག་ཙམ་སྤེལ་བ་དང་། དབུལ་སྒྲོལ་དུད་ཚང་དང་། ལྟ་ཞིབ་དུད་ཚང་། མཐའ་མཚམས་དུད་ཚང40ལ་འཚམས་འདྲི་བྱས་པ་དང་། རོགས་སྐྱོར་དངོས་རྫས་ཀྱི་རིན་ཐང་སྒོར་ཁྲི2.9དང་མཐུན་སྦྱོར་འཕེལ་རྒྱས་རྣམ་གྲངས2དང་འབྲེལ་བ་ཡོད་པའི་མ་དངུལ་སྒོར་ཁྲི235བཅས་བྱས་ཏེ། 2023ལོ་ནས་བཟུང་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་དུད་ཚང37གྱི་མི84ལ་སྤྱི་ཚོགས་རོགས་སྐྱོབ་བྱས་ནས་དམངས་འཚོ་བདེ་སྐྱིད་རྒྱུན་མཐུད་ངང་མཐོ་རུ་བཏང་ཡོད།
དམངས་ཚོགས“མཉམ་འདྲེས་བྱེད་ཐུབ་པའི”ཚད་གཞི་སྔར་ལས་མཐོ་བའི་ཐོག་ནས་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་སྙིང་ཉེ་བ་བྱེད་དགོས། “གྲོང་ཚོས་ཐོག་བརྩེགས་ཁང་པ་དང་། ཏང་ཡོན་དང་དྲ་བའི་མི་སྣས་དུད་ཚང་ཁང”ཡི་མཉམ་འགུལ་མ་ལག་བཙུགས་པ་དང་། མོ་པུའུ་ལ་གྲོང་ཚོའི་རྩོད་གཞི་ཐག་གཅོད་ལས་དོན་ཆེད་དོན་འཛིན་གྲྭ་བཙུགས་ནས་དུད་ཚང30ལྷག་ཙམ་ལ་བཅར་འདྲི་བྱས་པ་དང་། མི་ཐེངས120ལྷག་ཙམ་ལ་གྲོས་བསྡུར་བྱས་ནས་ཤེས་རྟོགས་བྱས་ཏེ། ཁང་དངུལ་འགྱངས་པའི“རྙིང་པའི་དཀའ་གནད་ཆེ་བའི”གནད་དོན་དུད་ཚང17དང་མ་དངུལ་སྒོར་ཁྲི112དང་འབྲེལ་བ་ཡོད་པ་ཐག་གཅོད་བྱས་ཏེ།“དོན་ཆུང་གྲོང་ཚོ་ནས་མི་འགྲོ་བ་དང་དོན་ཆེན་ཕ་ཡུལ་ནས་མི་འགྲོ་བ་”ཡོང་བར་འབད་བརྩོན་བྱས།
“ལེགས་པར་བསྒྲུབས་པའི”ལས་ཀ་བྱས་ཏེ། དེ་ལས་མཐོའི་དོན་གཉེར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་སྣེ་ཁྲིད་པ་བྱེད་དགོས། མོ་པུའུ་ལ་གྲོང་ཚོའི་མི་དང་ཕྱུགས་རིགས་དབྱེ་འབྱེད་གཅིག་སྡུད་གསོ་སྤེལ་ཁུལ་ཆུང་གི་གྲོང་གསེབ་དར་རྒྱས་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱ་རྒྱུའི་རེ་ཞུ་བྱས་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི19འཕར་བ་དང་གསོ་སྤེལ་དུད་ཚང14ཡི་ལོ་རེའི་ཡོང་འབབ་སྒོར་ཁྲི3ལྷག་ཙམ་འཕར་རྒྱུར་སྐུལ་ཁྲིད་བྱས་པ་རེད། “དཔྱིད་རླུང་ལས་གནས་སྐྱེལ་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། གནད་ལ་འཁེལ་བའི་ཞབས་ཞུ་བྱས་ནས་འཕེལ་རྒྱས་ལ་རོགས་རམ་བྱེད་པའི”ཆེད་དམིགས་གདན་ཞུའི་བྱེད་སྒོ་སྤེལ་ནས་ལས་ཞུགས་ལས་གནས་70མཁོ་འདོན་བྱས་ནས་ཐབས་ལམ་མང་པོའི་ཐོག་ལས་གནས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ཡོད། །
འཕྲིན་སྟེགས། weikangba